དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • དབྱར་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་སྐབས་བཅུ་བདུན་པ་ཕ་རི་སིར་འགོ་ཚུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-08-31

    འདི་ནི་ཟླ་8ཚེས་28ཉིན་འགོ་ཚུགས་མཛད་སྒོའི་ཐོག་ཀྲུང་གོའི་ལུས་རྩལ་འཐུས་མི་ཚོགས་པའི་དར་ཆ་འཁྱེར་མཁན་བུ་མོའི་རྐུབ་སྟེགས་འཁོར་ལོའི་གྲི་རྩལ་ལུས་རྩལ་པ་ཀུའུ་ཧའེ་གཡན(མདུན་གྱི་གཡས)དང་སྐྱེས་པའི་ལྗིད་འདེགས་ལུས་རྩལ་པ་ཆི་ཡུང་ཁའེ(མདུན་གྱི་གཡོན)འགྲན་རར་སྐྱོད་བཞིན་པ།

    ས་གནས་དེ་གའི་དུས་ཚོད་ཚེས་28ཉིན་གྱི་དགོང་མོ་ཕ་རི་སི་དབྱར་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་སྐབས་བཅུ་བདུན་པ་འཚོགས་ཤིང་། འདི་ནི་དབྱར་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ཕ་རི་སིར་འཚོགས་ཐེངས་དང་པོ་རེད།

    ཕ་རི་སི་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་དེས་ཕ་རི་སི་ཨོ་རྩལ་འགྲན་ཚོགས་དང་འབོད་ཚིག་གཅིག་མཉམ་སྤྱོད་བྱས་པ་ནི“ཨོ་རྩལ་འགྲན་ཚོགས་དེ་བས་སྒོ་དབྱེ་ལྡན”ཞེས་པ་དེ་རེད། འགོ་ཚུགས་མཛད་སྒོ་ཡང་དབྱར་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ཀྱི་ལོ་རྒྱུས་ཐོག་ལུས་རྩལ་ཐང་གི་ཕྱི་རོལ་དང་གྲོང་ཁྱེར་ལྟེ་གནས་ཁུལ་དུ་ཐེངས་དང་པོ་འཚོགས་ཡོད། འཛམ་གླིང་ས་གནས་ཁག་ནས་ཡོང་བའི་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ཀྱི་བདམས་ཐོན་པ་ཚོ་ཤང་ཤེ་ལི་ཧྲེ་ཁྲོམ་གཞུང་ནས་ཐོན་ཏེ་ངར་སློང་དང་དགའ་འབོད་ཀྱི་སྒྲའི་ཁྲོད་ཞང་ཧོ་ཐང་ཆེན་དུ་བསྐྱོད་ཡོད།

    ཕ་རི་སི་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ཀྱི་ཀྲུང་གོའི་ལུས་རྩལ་འཐུས་མི་ཚོགས་པའི་དར་ཆ་འཁྱེར་མཁན་བུ་མོའི་རྐུབ་སྟེགས་འཁོར་ལོའི་གྲི་རྩལ་ལུས་རྩལ་པ་ཀུའུ་ཧའེ་གཡན་དང་སྐྱེས་པའི་ལྗིད་འདེགས་ལུས་རྩལ་པ་ཆི་ཡུང་ཁའེ་ཡི་སྣེ་ཁྲིད་འོག་འགྲན་རར་བསྐྱོད་ཡོད། འཐུས་མི་ཚོགས་པར་ཁྱོན་ལུས་རྩལ་པ་284ཡོད་པ་དང་ཆ་སྙོམས་ལོ་ཚད་25.8ཡིན་ཞིང་། ལོ་ཆེ་ཤོས་ནི་ལོ་48ལ་སླེབས་པའི་ཕིང་ཕང་སྤོ་ལོའི་ལུས་རྩལ་པ་ཞུང་ཀུའེ་གཡན་ཡིན་པ་དང་། ལོ་ཆུང་ཤོས་ནི་ལོ་15ལ་སླེབས་པའི་ཆུ་རྐྱལ་ལུས་རྩལ་པ་ཀྲུའུ་ཧུའེ་ཡིན་པ་རེད། འཐུས་མི་ཚོགས་པ་ཕ་རི་སི་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ཀྱི་མདའ་འཕེན་དང་། མཆོང་རྒྱུག་འཕེན་གསུམ། བྱ་སྒྲོའི་སྤོ་ལོ་སོགས་རྣམ་གྲངས་ཆེ་གྲས་19དང་རྣམ་གྲངས་ཆུང་གྲས་302ཀྱི་འགྲན་བསྡུར་ནང་ཞུགས་རྒྱུ་རེད།

    ཟླ་8ཚེས་28ཉིན་དབྱར་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ཀྱི་འགོ་ཚུགས་མཛད་སྒོ་ཧྥ་རན་སེའི་ཕ་རི་སིར་འཚོགས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།