དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་གིས།

    《ཀྲུང་གོ་གུང་ཁྲན་ཏང་གི་ཚད་གཞི་མ་ལོན་པའི་ཏང་ཡོན་ལ་རྩ་འཛུགས་ཀྱི་ཐག་གཅོད་བྱ་ཐབས》བཀྲམ་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-08-31

    ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་གིས《ཀྲུང་གོ་གུང་ཁྲན་ཏང་གི་ཚད་གཞི་མ་ལོན་པའི་ཏང་ཡོན་ལ་རྩ་འཛུགས་ཀྱི་ཐག་གཅོད་བྱ་ཐབས》(གཤམ་དུ《བྱ་ཐབས》ཞེས་བསྡུ་རྒྱུ)བཀྲམ་པ་དང་འབྲེལ་བརྡ་ཐོ་བཏང་ནས་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་དེ་ལྟར་ལག་ལེན་བསྟར་དགོས་པའི་བླང་བྱ་བཏོན་པ་རེད།

    《བྱ་ཐབས》དེ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། ཏང་གི་སྒྲིག་ཡིག་དང《ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་སློབ་གསོ་དོ་དམ་ལས་དོན་སྲོལ་ཡིག》གཞི་འཛིན་སར་བྱས་ཏེ། ཏང་ཡོན་གྱི་ཚད་གཞི་མཐའ་འཁྱོངས་དང་། སློབ་གསོ་དོ་དམ་ལ་ལྟ་སྐུལ་ནན་པོ། དངོས་ཡོད་དྲང་གཞག་དང་། གཟབ་གཟབ་ནན་ནན། སྒྲིག་ཁྲིམས་སྒྲིག་སྲོལ་དང་བསྟུན་པ་བཅས་མཐའ་འཁྱོངས་བྱས་ཡོད། དེ་ནི་ཆེད་མངགས་ཚད་གཞི་མ་ལོན་པའི་ཏང་ཡོན་ལ་རྩ་འཛུགས་ཀྱི་ཐག་གཅོད་བྱ་རྒྱུར་དམིགས་ནས་བཟོས་པའི་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ཞིག་རེད། 《བྱ་ཐབས》བཟོས་པ་དང་ལག་བསྟར་བྱས་པ་དེར་ཕྱོགས་ཡོངས་ནས་ཏང་ནན་པོ་སྐྱོང་བའི་འཐབ་ཇུས་བྱེད་ཕྱོགས་ལག་ལེན་བསྟར་ནས་དད་སེམས་བརྟན་པོ་དང་། ཆབ་སྲིད་ཐད་བློས་འགེལ་ཆོག་པ། གྲུབ་ཆ་ལུགས་མཐུན། བྱང་ཚད་ལེགས་པ། སྒྲིག་ཁྲིམས་ནན་པ། ནུས་པ་མངོན་གསལ་དོད་པོ་བཅས་ཀྱི་ཏང་ཡོན་དཔུང་ཁག་འཛུགས་སྐྱོང་བྱེད་པ་དང་ཏང་གི་སྐྱེ་སྟོབས་དང་གསོན་ཤུགས་ཟམ་མི་ཆད་པར་ཆེ་རུ་གཏོང་བར་དོན་སྙིང་གལ་ཆེན་ལྡན་ཡོད།

    《བྱ་ཐབས》དེར་ཁྱོན་དོན་ཚན་27ཡོད་ཅིང་། གཙོ་བོ་ཕྱོགས་བཞི་ཡི་ནང་དོན་ཚུད་ཡོད་དེ། གཅིག་ནི་རྩ་འཛུགས་ཐག་གཅོད་ཀྱི་སྤྱིའི་བླང་བྱ་དང་། ཐ་སྙད་དང་བྱེད་སྟངས། རྩ་དོན་སོགས་ཐད་གཏན་འབེབས་བཟོས་པ་དང་། གཉིས་ནི་དུས་བཀག་ལྟར་ཡོ་བསྲང་དང་། ཏང་ནས་ཕྱིར་འཐེན། མིང་ཐོ་ནས་བསུབ་རྒྱུའི་ཁ་ཏ་བསླབ་བྱ་བྱེད་པའི་སྤྱད་འཐུས་སྣང་ཚུལ་གཏན་འབེབས་བྱས་པ་དང་ཐག་གཅོད་ཀྱི་གོ་རིམ་དང་རྗེས་མཐུད་ཀྱི་དོན་ཚན་ཞིབ་ཕྲ་བཟོས་པ། གསུམ་ནི་ཐག་གཅོད་བྱེད་མི་དགོས་པའི་གནས་ཚུལ་དང་མཉམ་དུ་ཐག་གཅོད་བྱེད་པ་སོགས་ཁོང་དུ་ཆུད་དགོས་པའི་སྲིད་ཇུས་ཀྱི་བླང་བྱ་གཏན་འབེབས་བྱས་པ། བཞི་ནི་རྩ་འཛུགས་ཀྱིས་ཐག་གཅོད་བྱེད་པའི་ལས་ཀའི་འགན་འཁྲི་དང་ལས་ཀའི་སྒྲིག་ཁྲིམས་སོགས་གཏན་འབེབས་བྱས་ཡོད།

    རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱིས་ཚད་གཞི་མ་ལོན་པའི་ཏང་ཡོན་ལ་རྩ་འཛུགས་ཀྱི་ཐག་གཅོད་བྱ་རྒྱུ་དེ་ཏང་ཡོན་དཔུང་ཁག་འཛུགས་སྐྱོང་བྱེད་པའི་རྨང་གཞིའི་རང་བཞིན་གྱི་ལས་དོན་ཞིག་ཏུ་བརྩིས་ནས་དམ་འཛིན་བྱས་ཏེ། 《བྱ་ཐབས》ཆད་ལུས་མེད་པར་ལག་ལེན་བསྟར་དགོས། སློབ་སྦྱོང་དང་གསོ་སྦྱོང་ལ་ཤུགས་སྣོན་བརྒྱབ་སྟེ་ཆེད་དོན་སློབ་སྦྱོང་དང་སྤེལ་རེས་བགྲོ་གླེང་སོགས་ཀྱི་བྱ་ཐབས་ལ་བརྟེན་ནས་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་གྱིས《བྱ་ཐབས》ཀྱི་དགོངས་དོན་ལ་གོ་བ་གནད་ལ་འཁེལ་པོ་ལེན་པ་དང་། 《བྱ་ཐབས》ཀྱི་ནང་དོན་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པ། 《བྱ་ཐབས》ཀྱི་གཏན་འབེབས་ལག་བསྟར་ནན་པོ་བཅས་ཐུབ་པར་བྱེད་དགོས། ཚད་གཞི་ནན་པོ་དང་བྱེད་ཐབས་ཏན་ཏིག་མཐའ་འཁྱོངས་ཀྱིས་སློབ་གསོར་གཞི་ཚུགས་པ་དང་གཞན་འགྱུར་མཐོར་གཏོང་བྱས་ནས་ཚད་གཞི་མ་ལོན་པའི་ཏང་ཡོན་ལ་རྩ་འཛུགས་ཀྱི་ཐག་གཅོད་བྱེད་པའི་ལས་དོན་དུས་ཐོག་དང་ནན་ཏན་ངང་སྒྲུབ་དགོས། སྲིད་ཇུས་ཀྱི་བླང་བྱ་ཁོང་དུ་ཆུད་པ་དང་། གོ་རིམ་ལག་བསྟར་ནན་པོ། ཕྱོགས་ཡོངས་དང་གནད་ལ་འཁེལ་པོས་གནད་དོན་ལ་ཞིབ་བཤེར་བཅས་བྱས་ནས་དངོས་ཡོད་དྲང་གཞག་ངང་ཐག་གཅོད་བྱེད་དགོས། ལམ་ལུགས་འབྲེལ་མཐུད་ཡག་པོ་བྱས་ནས་རྩ་འཛུགས་ཀྱི་ཐག་གཅོད་དང་ཏང་གི་སྒྲིག་ཁྲིམས་ཀྱི་ཆད་གཅོད་ཀྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་དགོས། ལྟ་སྐུལ་མཛུབ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་ནས《བྱ་ཐབས》ཀྱི་གཏན་འབེབས་ཁག་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་ཏན་ཏིག་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།