དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • 2024ལོའི་ཀྲུང་གོའི་དྲ་རྒྱའི་ཤེས་དཔལ་ཚོགས་ཆེན་ཁྲེང་ཏུའུ་རུ་འཚོགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-08-31

    ཟླ་8ཚེས་28ཉིན་2024ལོའི་ཀྲུང་གོའི་དྲ་རྒྱའི་ཤེས་དཔལ་ཚོགས་ཆེན་ཁྲེང་ཏུའུ་རུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཀྲུང་དབྱང་དྲིལ་བསྒྲགས་པུའི་པུའུ་ཀྲང་ལི་ཧྲུའུ་ལེ་ཚོགས་འདུར་ཞུགས་པ་དང་འབྲེལ་གཙོ་དོན་གཏམ་བཤད་ཀྱང་སྤེལ་གནང་བ་རེད།

    ཚོགས་ཞུགས་སྐུ་མགྲོན་ཚོས། དྲ་རྒྱའི་ཤེས་དཔལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་ནི་ཆ་འཕྲིན་ལག་རྩལ་འཕེལ་རྒྱས་མྱུར་པོ་འགྲོ་བའི་དུས་བབ་གསར་པ་དང་གང་མགྱོགས་འཚམ་པར་བྱེད་པའི་ལྡོག་མེད་ཀྱི་བླང་བྱ་དང་རིག་གནས་ཀྱི་རྒྱལ་ཁབ་སྟོབས་ཆེན་དང་དྲ་རྒྱའི་རྒྱལ་ཁབ་སྟོབས་ཆེན་སྐྲུན་པར་སྒྲུབ་དགོས་ངེས་ཀྱི་ལས་དོན་ཞིག་རེད། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག“དཔལ་ཡོན་གཉིས”ཕན་ཚུན་མཐུན་སྦྱོར་བྱེད་པའི་དེང་རབས་ཅན་འཛུགས་སྐྲུན་བྱེད་པར་དམིགས་ཏེ། རིག་གནས་ཀྱི་སྒྲིག་སྲོལ་དང་ལམ་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་ལས་འགན་གལ་ཆེན་བཏོན་ནས། ང་ཚོས་འགོ་འཛུགས་ས་གསར་པའི་ཐོག་རིག་གནས་སྒྱུར་བཅོས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་དྲ་རྒྱའི་ཤེས་དཔལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པར་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་པའི་ངོས་འཛིན་བྱས་པ་རེད།

    ད་རེས་ཀྱི་ཚོགས་ཆེན་ལ“དུས་རབས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་དྲ་རྒྱའི་ཤེས་དཔལ་མཉམ་དུ་སྐྲུན་པ”བརྗོད་དོན་གཙོ་བོར་བྱས་ཤིང་། ཀྲུང་དབྱང་དྲ་འཕྲིན་གཞུང་དོན་ཁང་དང་། ཀྲུང་དབྱང་བསམ་པའི་དཔལ་ཡོན་སྲོལ་གཏོད་གཞུང་དོན་ཁང་། ཀྲུང་གུང་སི་ཁྲོན་ཞིང་ཨུད། སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་བཅས་ཀྱིས་མཉམ་དུ་གཙོ་གཉེར་བྱས་པ་རེད། ཀྲུང་དབྱང་དང་ས་གནས་ཀྱི་འབྲེལ་ཡོད་ཚན་པའི་འགན་འཁུར་བློ་མཐུན་དང་། ཀྲུང་དབྱང་གི་གསར་འགྱུར་དྲ་ཚིགས་གཙོ་བོ། དྲ་རྒྱ་དང་སྤྱི་ཚོགས་རྩ་འཛུགས་དང་དྲ་སྦྲེལ་ཁེ་ལས་ཀྱི་འགན་འཁུར་བ། རིགས་གཅིག་མཁས་ཅན་དང་མཁས་དབང་། དྲ་ཐོག་མི་སྣ་གྲགས་ཅན་གྱི་འཐུས་མི་སོགས་ཚོགས་འདུར་ཞུགས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།