དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རང་རྒྱལ་གྱི་འཛད་རྫས་སྣ་ཁ་དུང་ཕྱུར་2ལྷག་ཙམ་ཟིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-08-31

    ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཁོངས་གཏོགས་ཀྱི་ཀྲུང་གོའི་དངོས་རྫས་ཨང་སྒྲིག་ལྟེ་གནས་ཀྱིས་བསྡོམས་རྩིས་བརྒྱབ་པར་གཞིགས་ན། འདི་ལོའི་ཟླ་6པའི་ཟླ་མཇུག་བར་རང་རྒྱལ་གྱི་ཐོ་འགོད་བེད་སྤྱོད་བྱས་པའི་ཚོང་ཟོག་ཤུར་རྟགས་འཛད་རྫས་སྣ་ཁ་དུང་ཕྱུར་2ལས་བརྒལ་བ་དང་རྒྱལ་སྤྱིའི་དངོས་རྫས་ཨང་སྒྲིག་རྩ་འཛུགས(GS1)ཀྱི་བསྡོམས་རྩིས་གྲངས་གཞི་དང་ཟུང་འབྲེལ་བྱས་ནས་བལྟས་ན། རང་རྒྱལ་གྱི་འཛད་རྫས་སྣ་ཁའི་བསྡོམས་འབོར་གོ་ལ་ཧྲིལ་པོའི་ཨང་དང་པོར་སླེབས་ཡོད་པ་རེད།

    བསྡོམས་རྩིས་བྱས་པར་གཞིགས་ན། ལོ་སྟོད་དུ་ཐོ་འགོད་བེད་སྤྱོད་བྱས་པའི་ཚོང་ཟོག་ཤུར་རྟགས་ཀྱི་འཛད་རྫས་སྣ་ཁ་ཁྲི་966.4འཕར་བ་དེ་དུས་མཚུངས་ལས་14.8%འཕར་བ་དང་འཛད་རྫས་སྣ་ཁ་བསྡོམས་འབོར་ཁྲི་20084.7ཟིན་ཡོད་པ་རེད། ཀྲུང་གོའི་དངོས་རྫས་ཨང་སྒྲིག་ལྟེ་གནས་ཀྱི་འབྲེལ་ཡོད་འགན་འཁུར་བས“གསར་ཐོན་འཛད་རྫས་ཀྱི་འཕར་ཚད་དེ་2023ལོར་འཕར་འགོ་ཚུགས་པ་དང་2024ལོར་ལོ་འཁོར་གོང་མའི་རྨང་གཞིའི་ཐོག་མུ་མཐུད་མགྱོགས་མྱུར་འཕར་རྒྱུ་རྒྱུན་འཁྱོངས་ཐུབ་པ་དེ་ཐོག་ནས་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་རབ་དང་རིམ་པའི་ནུས་པའི་འོག རང་རྒྱལ་གྱི་འཛད་སྤྱོད་ཁྲོམ་རའི་གཉེར་སྐྱོང་བྱེད་པོའི་གསོན་ཤུགས་འཕེལ་བ་དང་། སྤྱི་ཚོཌ་དང་དཔལ་འབྱོར་སླར་གསོ་འཕེལ་རྒྱས་ཀྱི་རྣམ་པ་བཟང་བ་དང་འགུལ་ནུས་ཆེན་པོ་ཡོད་པ་མཚོན་ཡོད”ཅེས་དབྱེ་ཞིབ་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།