“མུ་འབྱམས་སློབ་ཚན་ནུབ་རྒྱུད་དུ་སྤེལ་བའི་འཆར་གཞི”ལས་སློབ་མ་དུང་ཕྱུར་5.9ལ་ཕན་པ་ཐོབ་པ།
ཉིན་ཤས་གོང་གསར་འགོད་པར་སློབ་གསོ་པུའུ་ནས་ཤེས་རྟོཌ་བྱུང་བར། “མུ་འབྱམས་སློབ་ཚན་ནུབ་རྒྱུད་དུ་སྤེལ་བའི་འཆར་གཞི”2013ལོར་ལག་ལེན་བསྟར་འགོ་ཚུགས་ཚུན་ནུབ་རྒྱུད་མཐོ་སློབ་ལ་མུ་འབྱམས་སློབ་ཚན་ཐེངས་ཁྲི་20.7འཚོགས་པ་དང་དྲ་ཐོག་སློབ་ཁྲིད་ཞབས་འདེཌ་ཞུས་པ་དང་། ཤར་རྒྱུད་དང་ནུབ་རྒྱུད་མཐོ་སློབ་ཀྱིས་ལག་གདང་སྦྲེལ་ནས་མཉམ་འདྲེས་རྣམ་པའི་སློབ་ཁྲིད་ཐེངས་ཁྲི་936འཚོགས་པར་ནུབ་རྒྱུད་ཀྱི་སློབ་མ་མི་ཐེངས་དུང་ཕྱུར་5.9ལ་ཕན་པ་ཐོབ་པ་མ་ཟད། ནུབ་རྒྱུད་མཐོ་སློབ་དགེ་རྒན་མི་ཐེངས་ཁྲི་197.8མུ་འབྱམས་སློབ་ཚན་གྱི་གསོ་སྦྱོང་ནང་ཞུགས་ཡོད་པ་རེད།
སློབ་གསོ་པུའི་འབྲེལ་ཡོད་འགན་འཁུར་བས། “མུ་འབྱམས་སློབ་ཚན་ནུབ་རྒྱུད་དུ་སྤེལ་བའི་འཆར་གཞིས”ནུབ་རྒྱུད་ས་ཁུལ་གྱི་ཤེས་ལྡན་པ་གསོ་སྦྱོང་གི་སྤུས་ཚད་མཐོ་རུ་གཏོང་རྒྱུ་དམིགས་ཡུལ་དུ་བྱེད་པ་དང་། མཐོ་སློབ་དགེ་རྒན་གྱི་འཇོན་ཐང་དང་ཆུ་ཚད་མཐོ་རུ་གཏོང་རྒྱུ་གཙོ་གནད་དུ་བྱེད་པ། ལག་རྩལ་དང་སློབ་གསོ་སློབ་ཁྲིད་མཉམ་འདྲེས་གཏིང་ཟབ་བྱ་རྒྱུ་བྱེད་ཐབས་དང་གཞི་རྟེན་གལ་ཆེན་དུ་བྱས་ནས་སྤུས་ཚད་དེ་བས་མཐོ་བའི་སློབ་གསོ་གཞུང་དྲང་ཐག་གཅོད་བྱ་ཆེད་རྩ་ཆེའི་ཉམས་མྱོང་བསགས་ཡོད་ཅེས་བརྗོད།
སློབ་གསོ་པུའི་འབྲེལ་ཡོད་འགན་འཁུར་བས། གོམ་སྟབས་རྗེས་མར་ནུབ་རྒྱུད་མཐོ་སློབ་ཀྱི་ལེགས་ཆའི་ཐོན་ལས་དང་། ཁྱད་ལྡན་ཆེད་ལས། གསར་སྐྲུན་ཆེད་ལས་བཅས་ཀྱི་འཕེལ་རྒྱས་དགོས་མཁོར་དམིགས་ཏེ། རྩལ་ནུས་ལ་བརྟེན་ནས་ལམ་སྲོལ་དང་སྒྲིག་སྲོལ་གསར་གཏོད་ལ་སྐུལ་འདེད་གཏོང་བ་དང་། ཐོན་ཁུངས་མཁོ་སྤྲོད་མ་ལག་ཅན་དང་འདུས་གྲུབ་ཅན་ལ་བརྟེན་ནས་སྒྱུར་བཅོས་གཏིང་ཟབ་བྱེད་པར་སྐུལ་འདེད་བཏང་སྟེ་ནུབ་རྒྱུད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ལེགས་སྐྱེས་གསར་པ་འབུལ་གྱི་ཡིན་ཞེས་བརྗོད།