དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • པེ་ཅིང་དུ་ངོགས་གཉིས་ཀྱི་སྤུན་ཟླ་ཐའེ་དབན་བས།

    ཀྲེང་ཁྲེང་ཀུང་འཁྲུངས་ནས་ལོ་400དང་ཐའེ་དབན་ཚུར་བླངས་ནས་ལོ་362འཁོར་བར་དྲན་གསོ་ཞུས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-08-31

    ཚེས་27ཉིན། ཀྲེང་ཁྲེང་ཀུང་འཁྲུངས་ནས་ལོ་400དང་ཐའེ་དབན་ཚུར་བླངས་ནས་ལོ་362འཁོར་བར་དྲན་གསོ་ཞུ་བའི་ངོགས་གཉིས་ཀྱི་སྤེལ་རེས་བྱེད་སྒོ་པེ་ཅིང་དུ་གཉེར་བ་དང“སེམས་པ་གྲུབ་འབྲས་ལ་ཕྱོགས། ཐུན་མོང་ཐོག་བདེ་སྐྱིད་སྐྲུན”བརྗོད་དོན་གཙོ་བོར་བྱས་ནས་མེས་རྒྱལ་ཞི་བདེ་གཅིག་གྱུར་གྱི་འོད་སྟོང་འཕྲོ་བའི་མདུན་ལམ་ལ་རྒྱང་ལྟ་བྱས་པ་རེད།

    རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་ངོགས་གཉིས་ཀྱི་སྤུན་ཟླ་ཐའེ་དབན་བའི་དམངས་ཁྲོད་སྤེལ་རེས་ཡར་སྐུལ་ཚོགས་པའི་ཚོགས་གཙོ་སུའུ་ཧུའེ་ཡིས་འགོ་ཚུགས་མཛད་སྒོའི་ཐོག་ཤིས་ཚིག་སྒྲོན་སྐབས། ངོགས་གཉིས་ཀྱི་ཐུན་མོང་གི་ལོ་རྒྱུས་དྲན་ཤེས་ཡིན་པའི་ཀྲེང་ཁྲེང་ཀུང་གི་རྒྱལ་གཅེས་མཛད་རྗེས་ཀྱི་ནུས་པ་བཏོན་ནས་ངོགས་གཉིས་ཀྱི་སྤུན་ཟླ་མཐུན་སྒྲིལ་དང་མེས་རྒྱལ་གཅིག་གྱུར་ཡོང་ངེས་ཀྱི་ལོ་རྒྱུས་འཕེལ་ཕྱོགས་ཆེ་མོར་སྟངས་འཛིན་ནན་པོ་དང་། ཀྲུང་གོ་གཅིག་གི་རྩ་དོན་མངོན་པའི“གོ་གཉིས་གཅིག་མཐུན་ངོས་འཛིན”མཐའ་འཁྱོངས། “ཐའེ་དབན་རང་བཙན”གྱི་ཁ་ཕྲལ་དང་ཕྱི་ཕྱོགས་ཕྱོགས་གཏོགས་་ཀྱི་ཐེ་ཇུས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ་བཅས་བྱས་ནས། བློ་བརྟན་འགྱུར་མེད་ངང་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཁྱིམ་གཞིས་སྲུང་སྐྱོང་དང་ངོགས་གཉིས་ཀྱི་འབྲེལ་བ་ཞི་བདེ་འཕེལ་རྒྱས་དང་མཉམ་འདྲེས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།

    ཉིན་དེའི་ཕྱི་དྲོར“ཀྲེང་ཁྲེང་ཀུང་གི་ཁྱིམ་ཞེན་རྒྱལ་གཅེས་ཀྱི་བརྩེ་སེམས”བརྗོད་དོན་གཙོ་བོར་བྱས་པའི་སྤེལ་རེས་བྱེད་སྒོ་རྒྱལ་ཁབ་དཔེ་མཛོད་ཁང་དུ་གཉེར་བར་ངོགས་གཉིས་ཀྱི་མཁས་དབང་མང་པོ་ཞུགས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།