དབུ་ཤོག>གསར་འགྱུར།>བོད་སྐྱོར།
  • བོད་སྐྱོར་བགྲང་བྱ་སུམ་ཅུ་འདས། བརྩེ་བ་ཟབ་མོ་ས་མཐོར་བཅངས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-08-31

     འདི་ནི་པེ་ཅིང་གྲོང་ཁྱེར་གྱིས་མ་དངུལ་བཏང་ནས་སྐྲུན་རོགས་བྱས་པའི་ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་མངོན་མིན་རིག་གནས་ཤུལ་བཞག་འགྲེམས་སྟོན་ལྟེ་གནས་ཡིན་པ།

     འདི་ནི་ཧུའུ་པེ་ཞིང་ཆེན་མི་དམངས་སྲིད་གཞུང་དང་ལྷོ་ཁ་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་མཉམ་དུ་གཙོ་གཉེར་བྱས་པའི་2023ལོའི་ཡར་ཀླུང་རིག་གནས་ཡུལ་སྐོར་དུས་ཆེན་རིང་ཧུའུ་པེ་ནས་ཡོང་བའི་འཁྲབ་སྟོན་པས་ཧུའུ་པེ་དང་ལྷོ་ཁ་ས་གནས་གཉིས་ཀྱི་ཁྱད་ལྡན་རིག་གནས་ནང་དོན་དུ་བྱས་ནས་འཁྲབ་པའི་གླུ་གར་ལེ་ཚན་ཡིན་པ།

     འདི་ནི་པེ་ཅིང་དུ་འཚོགས་པའི“ཅིང་བོད་ལག་གདང་སྦྲེལ། ཕུགས་འདུན་སྙེ་མོར་འགྲུབ”ཅེས་པའི་ཧྲུན་དབྱི་དང་སྙེ་མོའི་རིག་གནས་འགྲེམས་སྟོན་ཐོག་བོད་རིགས་ལག་ཤེས་བཟོ་རྩལ་པས་སྙེ་མོའི་སྤོས་བཟོ་རྩལ་ངོམ་བཞིན་པ།

     འདི་ནི་ཅི་ལིན་དུ་གཉེར་བའི“ཉར་ཚགས་དངོས་རྫས་ཅི་ལིན་དུ་སྟོན”ཞེས་པའི་འགྲེམས་ཚོགས་ཐོག་ཡུལ་སྐོར་བས་གཞིས་རྩེའི་རིག་གནས་བསམ་བཀོད་ཐོན་རྫས་ཉོ་བཞིན་པ། (པར་རིས་འདི་ནི་ཅི་ལིན་ཞིང་ཆེན་བོད་སྐྱོར་ལས་དོན་རུ་ཁག་གིས་མཁོ་འདོན་བྱས)

     འདི་ནི་ཀོང་ཏུང་ཞབས་བྲོ་ཟློས་གར་ལས་རིགས་སློབ་གླིང་གིས་འགན་ཁུར་བའི་བོད་ཀྱི་ཉིང་ཁྲིའི་ཁ་ཕྱོགས་གཏན་འཁེལ་གྱི་མངགས་བཅོལ་གསོ་སྐྱོང་སྒྱུ་རྩལ་སློབ་མའི་འཛིན་གྲྭས་ཀོང་ཀྲོའུ་མཛའ་གྲོགས་ཟློས་གར་ཁང་དུ《ཉི་འོད་སེམས་སུ་འཕྲོ་བར་བྱེད》ཅེས་པའི་བརྗོད་དོན་གཙོ་བོའི་སློབ་ཐོན་འཁྲབ་སྟོན་བྱེད་བཞིན་པ།

     འདི་ནི་ཀོང་ཏུང་བོད་སྐྱོར་ལས་དོན་རུ་ཁག་གིས་སྐྲུན་རོགས་བྱས་པའི་མེ་ཏོག་རྫོང་གི་མེ་ཏོག་པད་མའི་དཔེ་ཁང་ཡིན་པ།

     འདི་ནི་ཐེམ་ཁོངས་ནག་ཆུ་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མས“ཅ་ཤིང་གིས་དྲོ་སྐྱིད་སྦྱིན། གསེར་རྙེད་ཀྱི་གྲོང་ཁྱེར་དཔེ་ཁང”(ཅ་ཤིང་གྲོང་ཁྱེར་གྱིས་ནག་ཆུར་སྐྲུན་རོགས་བྱས་པའི་གྲོང་ཁྱེར་དཔེ་ཁང་དང་པོ)ནང་ལས་ཀ་བྱེད་བཞིན་པ།

     འདི་ནི་ལེའོ་ཉིང་དུ་སློབ་སྦྱོང་བྱེད་པར་བསྐྱོད་པའི་ནག་ཆུ་གྲོང་ཁྱེར་གྱི་རིག་རྩལ་རྐང་འཛིན་ཤེས་ལྡན་པ་ཡིན་པ། (པར་རིས་འདི་ནི་ནག་ཆུ་གྲོང་ཁྱེར་དྲིལ་བསྒྲགས་པུའུ་ཡིས་མཁོ་འདོན་བྱས)

     འདི་ནི་ཨན་ཧུའེ་ཞིང་ཆེན་ཝུའུ་ཧུའུ་གྲོང་ཁྱེར་གྱིས་གཉེར་བའི“སྤྲོ་སྣང་ལྡན་པའི་ཝུའུ་ཧུའུ། བོད་མིའི་འབྱུང་ཁུངས་ལྷོ་ཁ”ཞེས་པའི་རིག་གནས་སྤེལ་རེས་བྱེད་སྒོ་ཡིན་པ། (པར་རིས་འདི་ནི་ཨན་ཧུའེ་ཞིང་ཆེན་བོད་སྐྱོར་ལས་དོན་རུ་ཁག་གིས་མཁོ་འདོན་བྱས)

    འདི་ནི་ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་དང་། ཅང་སུའུ་བོད་སྐྱོར་མདུན་ཕྱོགས་བཀོད་འདོམས་པུའུ། ཆིན་ཧོའེ་ཆུས་མི་དམངས་སྲིད་གཞུང་བཅས་ཀྱིས་ལྷ་སའི་རྫོང་རྒྱབ་ཀླུ་ཁང་ནང་མཉམ་དུ་གཉེར་བའི“ཁྲ་ཆིལ་ཆིལ་གྱི་ལྷ་སའི་མཚན་ལྗོངས། ཆིན་ཧོའེ་ཡི་ལྒང་བཞུའི་འདུ་ཚོགས”ཡིན་པ།

    རིག་གནས་ནི་མི་སེམས་གཅིག་ཏུ་བསྒྲིལ་བའི་བསམ་པའི་འབྲེལ་ཐག་རེད་ལ། དམངས་འཚོའི་བདེ་རྩ་ཆེ་རུ་གཏོང་བའི་འགག་རྩའི་རྒྱུ་རྐྱེན་ཞིག་ཀྱང་རེད།

    2016ལོར་པེ་ཅིང་གྲོང་ཁྱེར་གྱིས་བོད་སྐྱོར་མ་དངུལ་སྒོར་ཁྲི་1900བཏང་ནས་རོགས་སྐྲུན་བྱས་པའི་སྙེ་མོ་རྫོང་མངོན་མིན་རིག་གནས་ཤུལ་བཞག་འགྲེམས་སྟོན་དཔེ་སྟོན་ཁུལ་འཛུགས་སྐྲུན་རྣམ་གྲངས་ལས་གཙོ་བོ“སྙེ་མོའི་མཆོག་ནོར་གསུམ”དང་། “ས་གཙང་ཐོན་རྫས”བོད་ཀྱི་མངོན་མིན་རིག་གནས་ཐོན་རྫས་བཅས་འགྲེམས་སྟོན་བྱས་པ་དང་། 2023ལོའི་ཟླ་10པར་སྒོ་ཕྱེ་བའི་མེ་ཏོག་པད་མའི་དཔེ་ཁང་ནི་ཀོང་ཏུང་གི་རོགས་སྐྱོར་འོག་བསྐྲུན་པའི་མེ་ཏོག་རྫོང་གི་རིག་ནུས་དཔེ་མཛོད་ཁང་དང་པོ་དེ་ཡིན་པ་དང་ད་ལོའི་ཟླ་དང་པོར“བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་ཁྱིམ་ཚང་གི་ཕ་མ་བུ་ཕྲུག་གི་དཔེ་ཀློག་ཉམས་ལེན་རྟེན་གཞིའི”མཚན་སྙན་སྤྲད་པ་རེད།

    བོད་ལ་སྣ་མང་ཕུན་སུམ་ཚོགས་ལ་ཐུན་མོང་མ་ཡིན་པའི་མི་རིགས་རིག་གནས་ཡོད་པ་དང་བོད་སྐྱོར་ཞིང་ཆེན་དང་། གྲོང་ཁྱེར། ཚན་པ་བཅས་ལ་རིག་གནས་བྱ་གཞག་དང་རིག་གནས་ཐོན་ལས་འཕེལ་རྒྱས་གཏོང་བའི་སྔོན་ཐོན་ཉམས་མྱོང་ལྡན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།