དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • མང་ཚོགས་སྨན་བཅོས་ཡག་པོ་བྱེད་པར་རམ་འདེགས་གང་ལེགས་བྱས་པ།

    —— ཁྲེང་ཏུར་བཅའ་སྡོད་བོད་ལྗོངས་དོན་གཅོད་ཁྲུའི་སྨན་ཁང་གི་རིག་ཚན་འཛུགས་སྐྱོང་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-08-31

    ཉེ་ཆར། ཁྲེང་ཏུར་བཅའ་སྡོད་བོད་ལྗོངས་དོན་གཅོད་ཁྲུའི་སྨན་ཁང་རུས་ནད་ཚན་ཁག་གིས་ཉིན་གཅིག་ལ་པུས་ཚིགས་བརྗེ་བའི་གཤགས་བཅོས་ཐོག་མ་ལམ་ལྷོངས་བྱུང་ནས་བོད་ཀྱི་འབྲེལ་ཡོད་ཁྱབ་ཁོངས་ཀྱི་སྟོང་ཆ་སླར་ཡང་བསྐངས་པ་རེད།

    ལོ་མང་རིང་། ཁྲེང་ཏུར་བཅའ་སྡོད་བོད་ལྗོངས་དོན་གཅོད་ཁྲུའི་སྨན་ཁང་གིས“ཀྲུང་གོའི་ས་མཐོའི་ནད་ཀྱི་སྨན་ཁང་རྩེ་གྲ་བསྐྲུན་རྒྱུའི”དམིགས་ཚད་ལ་གཞིགས་ཏེ། རིག་ཚན་གྱི་གྲུབ་ཆ་ལེགས་གཏོང་དང་། དགེ་མཚན་ལྡན་པའི་རིག་ཚན་ཚོགས་པ་འཛུགས་པ། རིག་ཚན་ཁག་གི་ཆུ་ཚད་ཕྱོགས་ཡོངས་ནས་མཐོར་གཏོང་། ནད་ཐོག་སྨན་བཅོས་ཀྱི་སྨན་དོན་པའི་སྨན་བཅོས་ཆུ་ཚད་མཐོར་གཏོང་བཅས་བྱས་ནས་ནད་པར་བདེ་འཇགས་དང་། ནུས་ལྡན། སྤུས་ལེགས་བཅས་ཀྱི་སྨན་བཅོས་ཞབས་ཞུ་ལོངས་སྤྱོད་ཐུབ་པ་བྱས་ཡོད།

    དམིགས་ཚད་ལ་གཞིགས་ནས་བབ་བསྟུན་ལས་སྒྲུབ་བྱས་པ།

    རིག་ཚན་འཛུགས་སྐྱོང་ནི་སྨན་ཁང་འཕེལ་རྒྱས་ཀྱི་བཙན་རྫོང་ལྟ་བུ་ཡིན་ལ། སྨན་ཁང་གིས་སྤུས་རྟགས་གཏོད་པའི་ཤུགས་རྒྱག་སའང་ཡིན།

    ཁྲེང་ཏུར་བཅའ་སྡོད་བོད་ལྗོངས་དོན་གཅོད་ཁྲུའི་སྨན་ཁང་གིས་ནད་ཐོག་སྨན་བཅོས་ཚན་ཁག་36བཙུགས་ནས“མིའི་ལུས་ཕུང་གཙོ་བོར་བྱེད་པའི”རིག་ཚན་འཕེལ་རྒྱས་ཀྱི་ཁ་ཕྱོགས་དེ“ནད་གཞི་གཙོ་བོར་བྱེད་པའི”ཕྱོགས་སུ་བསྒྱུར་ནས་ནད་པར་ཚེ་སྲོག་གི་དུས་འཁོར་ཧྲིལ་པོའི་སྨན་བཅོས་ཞབས་ཞུ་མཁོ་འདོན་བྱས་ཡོད།

    མིག་སྔར། སྨན་ཁང་ལ་ཞིང་ཆེན་རིམ་པའི་གཙོ་གནད་ནད་ཐོག་སྨན་བཅོས་ཞིབ་འཇུག་ལྟེ་གནས(བོད་རང་སྐྱོང་ལྗོངས་ས་མཐོའི་ཚོར་བསྟུན་དང་བརྗེ་ཚབ་ནད་ཐོག་སྨན་བཅོས་ཞིབ་འཇུག་ལྟེ་གནས)1འཛུགས་པར་ཆོག་མཆན་ཐོབ་ཅིང་། རུས་ནད་ཚན་ཁག་དང་། གསང་རྒྱུད་ཟགས་གཤེར་བརྗེ་ཚབ་ཚན་ཁག འཇུ་བྱེད་ཚན་ཁག སྙིང་དང་ཁྲག་རྩའི་ཁོང་ནད་ཚན་ཁག གསོ་རིག་བརྙན་པར་ཚན་ཁག སྦྲིད་སྨན་ཚན་ཁག་བཅས་རིག་ཚན་6ཁྲེང་ཏུའུ་གྲོང་ཁྱེར་རིམ་པའི་གཙོ་གནད་ཆེད་ཚན་དང་རིག་ཚན་དུ་བདེ་བླག་ངང་བཅུག་པ་མ་ཟད། དབུགས་རྔུབ་གཏོང་དང་ཉེན་ཚབས་ནད་བཅོས་གསོ་རིག་ཚན་ཁག་དང་། སྤྱིར་བཏང་ཕྱི་ནད་ཚན་ཁག སྨན་རྫས་ཚན་ཁག རྒན་རྒོན་གསོ་རིག་ཚན་ཁག བདེ་ཐང་དོ་དམ་ལྟེ་གནས། ནད་སྐྱོང་ཁང་བཅས་སྨན་ཁང་རིམ་པའི་གཙོ་གནད་ཆེད་ཚན་6ཀྱང་འདེམས་སྒྲུག་བྱས་ཡོད། “སྨན་ཁང་རིམ་པའི་རྗེས་གྲབས་གཙོ་གནད་ཆེད་ཚན་དང་། སྨན་ཁང་རིམ་པའི་གཙོ་གནད་ཆེད་ཚན། གྲོང་ཁྱེར་རིམ་པའི་གཙོ་གནད་ཆེད་ཚན། ཞིང་ཆེན་རིམ་པའི་གཙོ་གནད་ཆེད་ཚན། རྒྱལ་ཁབ་རིམ་པའི་གཙོ་གནད་ཆེད་ཚན”བཅས་རིམ་པ་བཞིན་ཡར་རྒྱས་འགྲོ་བའི་རིག་ཚན་འཛུགས་སྐྱོང་གི་འཕེལ་ཕྱོགས་ལེགས་པོ་གྲུབ་ཡོད།

    སྒྲིག་སྲོལ་ལམ་ལུགས་བཙུགས་ནས་ཤེས་ལྡན་པ་བསྡུས་པ།

    སྨན་བཅོས་ཁྲོམ་རའི་འགྲན་རྩོད་ནི་མཐར་གཏུགས་ནས་བརྗོད་ན་ཤེས་ལྡན་པ་དང་། ལག་རྩལ། ཞབས་ཞུ་བཅས་ཀྱི་འགྲན་རྩོད་ཡིན།

    ལམ་ལུགས་ཀྱི་ལྕག་འདེབས་དང་གཙོ་གནད་རིག་ཚན་གྱི་སྣེ་ཁྲིད་སོགས་ཀྱི་བྱེད་ཐབས་བརྒྱུད་ཁྲེང་ཏུར་བཅའ་སྡོད་བོད་ལྗོངས་དོན་གཅོད་ཁྲུའི་སྨན་ཁང་གིས་རིམ་རྩིས་བརྒྱབ་ན། ཚན་ཞིབ་རྣམ་གྲངས་འཛུགས་པའི་གྲངས་འབོར་83%དང་། ཚན་ཞིབ་རྣམ་གྲངས་འཛུགས་པའི་གྲོན་དངུལ་ལྡབ་11 SCIརུ་དཔྱད་རྩོམ་འདོན་ཚད་ལྡབ་3(2022ལོ་དང་2017ལོའི་གྲངས་གཞི་བསྡུར་བ)བཅས་འཕར་བ་མ་ཟད། རྒྱལ་ཁབ་རིམ་པ་དང་ཞིང་ཆེན་དང་གྲོང་ཁྱེར་རིམ་པའི་རྒྱུན་མཐུད་གསོ་རིག་སློབ་གསོའི་རྣམ་གྲངས་ལ་ཚད་བརྒལ་རང་བཞིན་གྱི་འཕེལ་རྒྱས་ཀྱང་བྱུང་ཡོད།

    མིག་སྔར། ཁྲེང་ཏུར་བཅའ་སྡོད་བོད་ལྗོངས་དོན་གཅོད་ཁྲུའི་སྨན་ཁང་དུ་རིག་ཚན་སྣེ་ཁྲིད་པ་7དང་། འབུམ་རམས་པ་དང་རབ་འབྱམས་པའི་ཞིབ་འཇུག་སློབ་མ་143 རྒྱལ་སྲིད་སྤྱི་ཁྱབ་ཁང་དང་སྲིད་གཞུང་གི་དམིགས་བསལ་ཕོགས་སྣོན་ལེན་མཁན་2 བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་དམིགས་བསལ་ཕོགས་སྣོན་ལེན་མཁན་1 བོད་ཀྱི་བཟོ་བོའི་མཚན་སྙན་ཐོབ་མཁན་1 བོད་རང་སྐྱོང་ལྗོངས་ཀྱི་རིག་གཞུང་ལག་རྩལ་སྣེ་ཁྲིད་པ1 སི་ཁྲོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་རིག་གཞུང་ལག་རྩལ་སྣེ་ཁྲིད་པ1 སི་ཁྲོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་རིག་གཞུང་ལག་རྩལ་སྣེ་ཁྲིད་པའི་རྗེས་གྲབས་འོས་མི་1བཅས་ཡོད་པ་རེད།

    ལག་རྩལ་གསར་གཏོད་ཀྱིས་ནད་པར་ཞབས་འདེགས་ཞུས་པ།

    “སྨན་བཅོས་ལག་རྩལ་ལ་བརྟེན་ནས་ཚན་ཁག་འཛུགས་དགོས་བསམས་ན། སྨན་བཅོས་ལག་རྩལ་ནི་ལྟེ་བའི་འགྲན་རྩོད་ནུས་པ་ཡིན། ནད་ཐོག་སྨན་བཅོས་བྱེད་རིང་ངེས་པར་དུ་སྨན་བཅོས་ལག་རྩལ་གསར་པ་དེ་བས་མང་བ་ཁོང་དུ་ཆུད་ཚེ། གཞི་ནས་ནད་པ་མི་འདྲ་བའི་སྨན་བཅོས་ཀྱི་དགོས་མཁོ་སྐོང་ཐུབ”ཅེས་ཁྲེང་ཏུར་བཅའ་སྡོད་བོད་ལྗོངས་དོན་གཅོད་ཁྲུའི་སྨན་ཁང་འཇུ་བྱེད་ཁོང་ནད་ཚན་ཁག་གི་འགན་འཁུར་བ་ལིའུ་ཁྲའོ་ཡིས་བཤད།

    ལག་རྩལ་གསར་གཏོད་དང་འཕེལ་རྒྱས་བཏང་བ་དེས་ནད་པའི་སྨན་བཅོས་ཀྱི་མྱོང་བ་དེ་བས་ཆེ་རུ་ནུས་ལྡན་གཏོང་ཐུབ་མོད། འོན་ཀྱང་སྔོན་འགྲོའི་ཆ་རྐྱེན་ནི་ངེས་པར་དུ་ནད་པའི་བདེ་འཇགས་འགན་ལེན་བྱ་རྒྱུ་དེ་རེད། ཁྲེང་ཏུར་བཅའ་སྡོད་བོད་ལྗོངས་དོན་གཅོད་ཁྲུའི་སྨན་ཁང་གིས་ལག་རྩལ་གསར་པ་དང་རྣམ་གྲངས་གསར་པར་དམིགས་ནས་ཚད་ལྡན་གྱི་དོ་དམ་ལམ་སྲོལ་ཆ་ཚང་ཞིག་ཡོད་པ་དང་ནད་ཐོག་སྨན་བཅོས་ཀྱི་སྨན་དོན་པས་གསར་གཏོད་ཧུར་ཐག་བྱ་རྒྱུར་སྐུལ་མ་གཏོང་བ་དང་དུས་མཚུངས། ཉེན་ཁ་ཆུང་དུ་གཏོང་གང་ཐུབ་བྱས་ནས་ནད་པའི་སྨན་བཅོས་ཉམས་ལེན་མཐོ་རུ་བཏང་སྟེ་ནད་པའི་སྨན་བཅོས་བདེ་འཇགས་འགན་ལེན་བྱེད་ཀྱི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།