དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་གིས་ཨ་རིའི་ཙུང་ཐུང་གི་རྒྱལ་ཁབ་བདེ་འཇགས་ལས་དོན་གྱི་ལས་རོགས་ཧྲ་ལི་ཝུན་དང་མཇལ་འཛོམས་གནང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-08-31

    ཟླ་8ཚེས་29ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཨ་རིའི་ཙུང་ཐུང་གི་རྒྱལ་ཁབ་བདེ་འཇགས་ལས་དོན་གྱི་ལས་རོགས་ཧྲ་ལི་ཝུན་དང་མཇལ་འཛོམས་གནང་བ།

    ཟླ་8ཚེས་29ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཨ་རིའི་ཙུང་ཐུང་གི་རྒྱལ་ཁབ་བདེ་འཇགས་ལས་དོན་གྱི་ལས་རོགས་ཧྲ་ལི་ཝུན་དང་མཇལ་འཛོམས་གནང་བ་རེད།

    ཞི་ཅིན་ཕིང་གིས་གསུངས་དོན། འགྱུར་ལྡོག་དང་ཟང་ཟིང་མཉམ་འདྲེས་ཀྱི་རྒྱལ་སྤྱིའི་དུས་བབ་ཀྱི་མདུན་དུ་རྒྱལ་ཁབ་ཁག་གིས་མཐུན་སྒྲིལ་རོགས་ལས་བྱེད་དགོས་པ་ལས་ཁ་ཕྲལ་དང་འགྲན་རྒོལ་བྱེད་རྒྱུ་མེད་པ་དང་། མི་དམངས་ཀྱིས་སྒོ་དབྱེ་ཡར་ཐོན་ལ་རེ་བ་བྱེད་པ་ལས་བཀག་སྡོམ་དང་ཕྱིར་བཤོལ་མིན། ཀྲུང་གོ་དང་ཨ་རི་ནི་རྒྱལ་ཁབ་ཆེན་པོ་གཉིས་ཡིན་པའི་ཆ་ནས་ལོ་རྒྱུས་དང་། མི་དམངས། འཛམ་གླིང་བཅས་ལ་འགན་འཁུར་དགོས་པ་དང་། འཛམ་གླིང་ཞི་བདེའི་ཡོང་ཁུངས་བརྟན་པོ་དང་ཐུན་མོང་འཕེལ་རྒྱས་ཀྱི་སྐུལ་འདེད་གཏོང་ཆས་སུ་འགྱུར་བར་བྱེད་དགོས།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོ་དང་ཨ་རི་རྒྱལ་ཁབ་ཆེན་པོ་གཉིས་འབྲེལ་གཏུག་བྱེད་སྐབས་ཨང་དང་པོ་ནི་ཡང་དག་པའི་འཐབ་ཇུས་ཀྱི་ཚོར་ཤེས་འཛུགས་རྒྱུ་དེ་ཡིན་ཞིང་། དང་ཐོག་ཀྲུང་གོ་དང་ཨ་རི་ནི་ཡང་སྙིང་འགྲན་ཟླ་ཡིན་ནམ་ཡང་ན་རོགས་ཟླ་ཡིན་པའི་སྤྱིའི་གནད་དོན་དེར་ལན་འདེབས་དགོས།

    ཀྲུང་གོའི་ཕྱི་ཕྱོགས་སྲིད་ཇུས་ཡོངས་བསྒྲགས་དང་ཕྱི་གསལ་ནང་གསལ་དང་འཐབ་ཇུས་ཀྱི་བསམ་འདུན་ཁ་གསལ་གཏིང་གསལ་ཡིན་ལ་ཚད་མཐོའི་རྒྱུན་མཐུད་རང་བཞིན་དང་བརྟན་ལྷིང་རང་བཞིན་རྒྱུན་འཁྱོངས་བྱས་ཡོད། ང་ཚོས་རང་ཉིད་ཀྱི་བྱ་བ་ལེགས་པར་བསྒྲུབ་རྒྱུར་དམིགས་ཏེ་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་གཏོང་བྱས་པ་བརྒྱུད་ཀྲུང་གོའི་རྒྱལ་བབ་དང་མཐུན་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་རྒྱུན་ཆད་མེད་པར་འཐུས་ཚང་དང་འཕེལ་རྒྱས་བཏང་ཡོད། ཀྲུང་གོས་ཞི་བའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་བྱས་ཏེ་རང་ངོས་འཕེལ་རྒྱས་མངོན་འགྱུར་བྱེད་པ་དང་དུས་མཚུངས་རྒྱལ་ཁབ་གཞན་དག་དང་ཐུན་མོང་ཐོག་འཕེལ་རྒྱས་གཏོང་བ་དང་ལག་གདང་སྦྲེལ་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་འདོད་ཡོད།

    ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་གོ་ཕྱོགས་ཀྱིས་ཨ་རིར་འཛིན་པའི་སྲིད་ཇུས་ཐད་ཚད་མཐོའི་རྒྱུན་མཐུད་རང་བཞིན་རྒྱུན་འཁྱོངས་བྱས་ཡོད། ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་པོའི་རང་སོ་སོའི་གནས་ཚུལ་དང་ཀྲུང་གོ་དང་ཨ་རིའི་འབྲེལ་བར་འགྱུར་ལྡོག་ཆེན་པོ་བྱུང་ཡོད་མོད། འོན་ཀྱང་ཀྲུང་གོ་དང་ཨ་རིའི་འབྲེལ་བ་བརྟན་ལྷིང་དང་། སྐྱོན་བྲལ། རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་བཅས་ལ་གཞོལ་བའི་ཀྲུང་གོའི་དམིགས་ཚད་ལ་འགྱུར་བ་བྱུང་མེད་པ་དང་། ཕན་ཚུན་བརྩི་འཇོག་དང་། ཞི་བདེ་མཉམ་གནས། མཉམ་ལས་གཉིས་ཕན་བཅས་གཞིར་བཟུང་ཀྲུང་གོ་དང་ཨ་རིའི་འབྲེལ་བ་ཐག་གཅོད་བྱེད་པའི་ཀྲུང་གོའི་རྩ་དོན་ལ་འགྱུར་བ་བྱུང་མེད་ལ། རང་ངོས་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་ལ་སྲུང་སྐྱོང་བྱེད་པའི་ཀྲུང་གོའི་ལངས་ཕྱོགས་ལ་འགྱུར་བ་བྱུང་མེད་པ་དང་། ཀྲུང་གོ་དང་ཨ་རིའི་མི་དམངས་ཀྱི་སྲོལ་རྒྱུན་མཛའ་གྲོགས་རྒྱུན་མཐུད་བྱེད་པའི་ཀྲུང་གོའི་འབད་བརྩོན་ལའང་འགྱུར་བ་བྱུང་མེད། ཨ་རི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་ཁ་ཕྱོགས་གཅིག་ཏུ་བསྐྱོད་དེ་དགེ་མཚན་ལྡན་ལ་དཔྱོད་ཤེས་ཀྱི་རྣམ་འགྱུར་ཐོག་ནས་ཀྲུང་གོ་དང་ཀྲུང་གོའི་འཕེལ་རྒྱས་ལ་ལྟ་སྟངས་འཛིན་ཐོག་ཕན་ཚུན་གྱི་འཕེལ་རྒྱས་དེ་གོ་སྐབས་སུ་བརྩི་བ་ལས་འགྲན་སློང་དུ་བརྩི་མི་རུང་བ་དང་ཀྲུང་གོ་ཕྱོགས་དང་མཉམ་དུ་ཤེས་དཔལ་མི་འདྲ་བ་དང་། ལམ་ལུགས་མི་འདྲ་བ། འགྲོ་ལམ་མི་འདྲ་བ་བཅས་ཀྱི་རྒྱལ་ཁབ་ཀྱིས་སའི་གོ་ལའི་ཐོག་ཞི་བདེ་མཉམ་གནས་དང་ཐུན་མོང་ཐོག་འཕེལ་རྒྱས་གཏོང་བའི་ཡང་དག་པའི་མཉམ་གནས་ཀྱི་ལམ་བུ་ཞིག་བཙལ་ནས་ཀྲུང་ཨའི་འབྲེལ་བ་བརྟན་ལྷིང་རྒྱུན་འཁྱོངས་བྱ་རྒྱུར་སྐུལ་འདེད་གཏོང་བའི་རྨང་གཞིའི་ཐོག་ཡག་ཐོག་ཡག་བརྩེགས་ཡོང་རྒྱུའི་བརྩོན་ལེན་བྱེད་དགོས་པའི་རེ་བ་ཡོད།

    ཧྲ་ལི་ཝུན་གྱིས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་ཙུང་ཐུང་པའེ་ཀྲེན་གྱིས་གནང་བའི་འཚམས་འདྲི་བརྒྱུད་ཞུ་བྱས་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁོམ་པ་བཙལ་ནས་མཇལ་འཛོམས་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ་ཨ་ཀྲུང་གི་གཙོ་བདག་ཅིའུ་ཅིན་ཧྲན་དུ་ཞལ་འཛོམས་གནང་ཚུན་ཕྱོགས་གཉིས་པོས་རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་ཐུན་མོང་ངོས་འཛིན་དོན་འཁྱོལ་ནན་ཏན་བྱས་པར་དགེ་མཚན་ལྡན་པའི་འཕེལ་རྒྱས་བྱུང་ཡོད། ད་ཐེངས་ང་ཀྲུང་གོར་ཡོང་ནས་ཀྲུའུ་རེན་ཝང་དབྱི་དང་ལྷག་བསམ་ཟོལ་མེད་ཀྱི་འཐབ་ཇུས་ཀྱི་འབྲེལ་གཏུག་གཏིང་ཟབ་བྱས་པ་དེ་ངོ་བོའི་རང་བཞིན་དང་དགེ་མཚན་ལྡན་པ་ཞིག་རེད་ཅེས་བརྗོད། ཨ་རི་ཕྱོགས་ཀྱིས“འཇམ་འཐབ་གསར་པ”རྒྱག་རེ་མི་བྱེད་པ་དང་། ཀྲུང་གོའི་སྒྲིག་སྲོལ་སྒྱུར་རེ་མི་བྱེད་པ། མནའ་མཐུན་མ་ལག་ཤུགས་ཆེར་བཏང་ནས་ཀྲུང་གོར་ངོ་རྒོལ་བྱེད་རེ་མི་བྱེད་པ། “ཐའེ་དབན་རང་བཙན”ལ་རྒྱབ་སྐྱོར་མི་བྱེད་པ་མ་ཟད། རྐང་བཙུགས་ནས་ཀྲུང་གོ་དང་གདོང་ཐུག་མི་བྱེད་པ་ངས་བསྐྱར་བསྒྲགས་བྱེད་འདོད་ཡོད། ཨ་རི་ཕྱོགས་ཀྱི་ཀྲུང་གོ་གཅིག་གི་སྲིད་ཇུས་ལ་འགྱུར་ལྡོག་བཏང་མེད་པ་དང་ཐའེ་དབན་འདི་ཉིད་ཀྲུང་གོར་བཀག་འགོག་བྱེད་པའི་ལག་ཆར་བརྩི་གི་མེད། ཨ་རི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་འཐབ་ཇུས་རང་བཞིན་གྱི་འབྲེལ་གཏུག་མུ་མཐུད་རྒྱུན་འཁྱོངས་བྱས་ནས་ཨ་ཀྲུང་རྒྱལ་ཁབ་གཉིས་ཞི་བདེ་མཉམ་གནས་དང་ཨ་ཀྲུང་འབྲེལ་བ་རྒྱུན་མཐུད་འཕེལ་རྒྱས་འགྲོ་བའི་བྱེད་ཐབས་འཚོལ་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་བརྗོད་པ་རེད། ཙུང་ཐུང་པའེ་ཀྲེན་གྱིས་མི་རིང་བར་གོ་སྐབས་བྱུང་ཚེ་སླར་ཡང་ཀྲུའུ་ཞི་ཞི་ཅིན་ཕིང་དང་འབྲེལ་གཏུག་བྱེད་པའི་རེ་སྒུག་གནང་བཞིན་འདུག་ཅེས་བརྗོད་པ་རེད།

    ཞི་ཅིན་ཕིང་གིས་ཧྲ་ལི་ཝུན་ལ་ཙུང་ཐུང་པའེ་ཀྲེན་ལ་འཚམས་འདྲི་གནང་ལུགས་བརྒྱུད་ཞུ་བྱེད་རོགས་ཞུས་པ་དང་། ཙུང་ཐུང་པའེ་ཀྲེན་དང་མུ་མཐུད་འབྲེལ་གཏུག་རྒྱུན་འཁྱོངས་བྱས་ཏེ་ཀྲུང་ཨའི་འབྲེལ་བར་ཁ་སྒྱུར་ཕྱོགས་སྟོན་བྱེད་འདོད་ཡོད་ཅེས་གསུངས་པ་རེད།

    ཝང་དབྱི་མཇལ་འཛོམས་ནང་ཞུགས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།