དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ལྷན་གྱི་ཚོགས་འདུ་ཐེངས་དྲུག་པ་གཙོ་སྐྱོང་གནང་བ།

    ལི་ཆང་དང་། ཝང་ཧུའུ་ཉིང་། ཚའེ་ཆི་བཅས་ཚོགས་འདུར་ཞུགས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-08-31

    བསམ་བློར་བཅིངས་འགྲོལ་དང་། དངོས་ཐོག་བདེན་འཚོལ། དུས་བསྟུན་མདུན་སྐྱོད། དམ་པ་དོན་གཉེར་བཅས་བྱས་ནས་སྒྱུར་བཅོས་ཀྱི་ལས་འགན་སྒྲིག་འཛུགས་ལག་བསྟར་ལ་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱེད་དགོས།

    ཟླ་8ཚེས་29ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི། ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ལྷན་གྱི་ཚོགས་འདུ་ཐེངས་དྲུག་པ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་ཞིང་། ཁོང་གིས། ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་ཏུ་གཏོང་བ་ནི་དུས་རབས་གསར་པ་ཚུན་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་ཏུ་གཏོང་བའི་རྨང་གཞིའི་ཐོག་སྐུལ་འདེད་བཏང་བ་ཞིག་ཡིན་པས་རྨང་གཞི་བརྟན་པོ་དང་མཐུན་རྐྱེན་འཛོམས་ཡོད། ད་ཡོད་ཀྱི་སྒྱུར་བཅོས་གྲུབ་འབྲས་དང་ཉམས་མྱོང་གལ་ཆེན་ཡག་པོ་སྤྱད་དེ་བསམ་བློར་བཅིངས་འགྲོལ་དང་། དངོས་ཐོག་བདེན་འཚོལ། དུས་བསྟུན་མདུན་སྐྱོད། དམ་པ་དོན་གཉེར་བཅས་བྱས་ནས་ཕྱོགས་ཁག་གི་ཧུར་བརྩོན་རང་བཞིན་སྐུལ་སློང་གང་ལེགས་བྱས་ཏེ་སྒྱུར་བཅོས་ཀྱི་ལས་འགན་སྒྲིག་འཛུགས་ལག་བསྟར་ལ་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ལི་ཆང་དང་། ཝང་ཧུའུ་ཉིང་། ཚའེ་ཆི་བཅས་ཚོགས་འདུར་ཞུགས་པ་རེད།

    ཚོགས་འདུའི་ཐོག《ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི〈གཏན་འབེབས〉སྒྱུར་བཅོས་བྱེད་ཐབས་གལ་ཆེན་ལག་བསྟར་བྱེད་པའི་ལས་བགོས་ཇུས་གཞི》དང《རང་མོས་ཚོང་དོན་ཚོད་ལྟ་ཁུལ་གྱི་མཐོར་འདེགས་འཐབ་ཇུས་ལག་བསྟར་བྱ་རྒྱུའི་སྐོར་གྱི་བསམ་འཆར》སོགས་ཀྱི་ཡིག་ཆར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད།

    ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་གཏོང་ཐད་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་ཏེ་སྒྱུར་བཅོས་བྱེད་ཐབས་གལ་ཆེན་ཁག་300ལྷག་ཙམ་གཏན་འཁེལ་བྱས་ཡོད། ཏང་ཀྲུང་དབྱང་གིས་སྒྱུར་བཅོས་ལ་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་བྱེད་རྒྱུ་མཐའ་འཁྱོངས་བྱས་ནས་དགོངས་སྐོར་སྙན་ཞུའི་ལམ་ལུགས་ལག་བསྟར་ནན་པོ་བྱེད་དགོས། སྒྱུར་བཅོས་ཀྱི་འཐབ་ཇུས་གཙོ་གནད་དང་སྔོན་ལ་ལག་ལེན་བསྟར་བའི་ཁ་ཕྱོགས་སྟངས་འཛིན་བྱས་ནས་སྒྱུར་བཅོས་བྱེད་ཐབས་ཀྱི་སྔ་རྗེས་གོ་རིམ་དང་གོམ་སྟབས་དང་དུས་ཚོད་བཀོད་སྒྲིག་ལུགས་མཐུན་བྱེད་དགོས།

    སྒྱུར་བཅོས་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་དེ་བས་ཟུང་འབྲེལ་དམ་ཟབ་བྱས་ནས་མཚོན་རྟགས་རང་བཞིན་གྱི་སྒྱུར་བཅོས་བྱེད་ཐབས་མགྱོགས་མྱུར་དོན་འཁྱོལ་ཐུབ་པར་སྐུལ་འདེད་གཏོང་དགོས། སྒྱུར་བཅོས་མ་ལག་འདུས་གྲུབ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྒྱུར་བཅོས་སྲིད་ཇུས་ཀྱི་ཁ་ཕྱོགས་གཅིག་མཐུན་རང་བཞིན་ཆེ་རུ་གཏོང་བ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐེབས་པའི་ཤུགས་རྐྱེན་ལ་རང་འགུལ་ངང་དཔྱད་དཔོག་བཅས་བྱས་ནས་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་མཉམ་ཤུགས་ཆགས་པ་བྱེད་དགོས།

    ཚོགས་འདུའི་ཐོག་བསྟན་དོན། སྒྱུར་བཅོས་ལ་སྐུལ་འདེད་གཏོང་བའི་དོན་འཁྱོལ་ལམ་སྲོལ་ལེགས་སུ་བཏང་ནས་གནད་དོན་གལ་ཆེན་སྤྱི་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་དགོས། སྣེ་ཁྲིད་ཚན་པ་ཁག་དང་དེའི་ནང་ཞུགས་མཁན་ཚན་པ་ཁག་གིས་འགན་འཁྲི་འཁུར་ཕོད་པ་དང་དངོས་འཛིན་དངོས་སྒྲུབ་བྱེད་པ་དང་སྒྱུར་བཅོས་གལ་ཆེན་ལ་བརྟག་ཞིབ་དང་རིགས་པས་ཁུངས་སྐྱེལ་བྱེད་ཤུགས་ཆེ་རུ་བཏང་ནས་སྒྱུར་བཅོས་སྒྲིག་འཛུགས་ལག་བསྟར་གྱི་ཇུས་གཞི་བཟོ་དགོས། སྒྱུར་བཅོས་ལ་ལྟ་བཤེར་དང་། ཚོད་སྐོར་ཕན་འདྲི། སྐོར་གཟིགས་སྐོར་ཞིབ་སོགས་ཀྱི་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས་གྲུབ་འབྲས་དང་ཕན་འབྲས་དངོས་དང་མི་དམངས་མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་ལ་བརྟེན་ནས་སྒྱུར་བཅོས་ལ་ཞིབ་དཔྱད་བྱེད་དགོས།

    ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ཀྲུང་དབྱང་གིས་བཀོད་སྒྲིག་བྱས་ནས་བཙུགས་པའི་རང་མོས་ཚོང་དོན་ཚོད་ལྟའི་ཁུལ་22ཀྱིས་མཚོན་རྟགས་རང་བཞིན་དང་སྣེ་ཁྲིད་རང་བཞིན་གྱི་ལམ་ལུགས་གསར་གཏོད་ཀྱི་གྲུབ་འབྲས་འབོར་ཆེན་བཏོད་དེ་སྒྱུར་བཅོས་སྒོ་དབྱེའི་ཕྱོགས་བསྡུས་ཚོད་ལྟའི་ལས་སྟེགས་ཀྱི་ནུས་པ་བཏོན་ཡོད། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་དང་། རང་མོས་ཚོང་དོན་ཚོད་ལྟའི་ཁུལ་གྱི་རིམ་སྤོར་གྱི་འཐབ་ཇུས་ལག་བསྟར་བྱེད་པའི་དམིགས་ཡུལ་ནི་ཁྱབ་ཁོངས་དེ་བས་ཆེ་བ་དང་རིམ་པ་དེ་བས་ཟབ་པའི་སྒོ་ནས་འཚོལ་ཞིབ་བྱས་ཏེ་རང་མོས་ཚོང་དོན་ཚོད་ལྟའི་ཁུལ་གྱི་ལམ་ལུགས་རྣམ་པའི་སྒོ་དབྱེའི་ཆུ་ཚད་དང་། བརྒྱུད་རིམ་རང་བཞིན་གྱི་སྒྱུར་བཅོས་ཀྱི་ཕན་འབྲས། སྒོ་དབྱེ་རྣམ་པའི་དཔལ་འབྱོར་སྤུས་ཚད་བཅས་ཕྱོགས་ཡོངས་ནས་མཐོ་རུ་གཏོང་རྒྱུ་དེ་རེད། ཆུ་ཚད་མཐོ་བའི་སྒོ་དབྱེར་བརྟེན་ནས་སྣེ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ལམ་ལུགས་གསར་གཏོད་ལྟེ་བར་འཛིན་པ། སྔོན་ལ་ལག་བསྟར་དང་ཚོད་ལྟ་བྱེད་པར་བསྔགས་སྐུལ། གསར་གཏོད་རང་བཞིན་དང་འདུས་གྲུབ་རྣམ་པའི་འཚོལ་ཞིབ། ཐོན་ལས་འཁོར་འབྲེལ་ཧྲིལ་པོའི་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཕྱི་ཕྱོགས་ཚོང་དོན་གྱི་ཕྱོགས་བསྡུས་འགྲན་རྩོད་ནུས་པ་ཆེ་རུ་གཏོང་བ། མ་འཇོག་རང་མོས་ཅན་དང་སྟབས་བདེ་ཅན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཚོང་དོན་དང་། མ་དངུལ་འཁོར་རྒྱུག འགྲིམ་འགྲུལ་སྐྱེལ་འདྲེན། མི་སྣ་འགྲོ་འོང་རང་མོས་སྟབས་བདེ་དང་གྲངས་གཞིའི་བདེ་འཇགས་གོ་རིམ་ལྡན་པའི་འཁོར་རྒྱུག་བཅས་གཙོ་གནད་དུ་འཛིན་པའི་སྲིད་ཇུས་མ་ལག་དེ་བས་འཐུས་སྒོ་ཚང་དུ་གཏོང་དགོས། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱེད་པ་དང་། སྒྲིག་སྲོལ་དང་། དོ་དམ། ཚད་གཞི་སོགས་ལམ་ལུགས་རྣམ་པའི་སྒོ་དབྱེ་རྒྱ་ཆེར་བརྟན་པོ་བཏང་ནས་ཉེན་ཁ་སྔོན་འགོག་དང་ཚོད་འཛིན་བྱེད་ནུས་ཆེ་རུ་གཏོང་དགོས།

    ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ལྷན་གྱི་ཨུ་ཡོན་ཚོགས་འདུར་ཞུགས་པ་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་ཚོགས་འདུར་ཟུར་ཞུགས་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།