དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • བཟོ་བཅོས་བརྒྱབ་རྗེས་ཀྱི་འོས་འགན་སློབ་གསོའི་གཅིག་གྱུར་རྩོམ་སྒྲིག་བསླབ་གཞི་གསུམ་སྤྱོད་འགོ་ཚུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-08-30

    ཉེ་ཆར། གསར་འགོད་པར་སློབ་གསོ་པུའུ་ནས་ཤེས་རྟོགས་བྱུང་བར། འོས་འགན་སློབ་གསོའི་ཀུན་སྤྱོད་དང་ཁྲིམས་སྐྱོང་དང་། རྒྱ་ཡིག ལོ་རྒྱུས་བཅས་གཅིག་གྱུར་རྩོམ་སྒྲིག་བསླབ་གཞི་བཟོ་བཅོས་ཐད་ཉེ་དུས་རྩོམ་སྒྲིག་ཞུ་དག་གི་གོ་རིམ་ཚང་མ་ལེགས་གྲུབ་ཟིན་ཞིང་། སྟོན་ཁའི་སློབ་དུས་སུ་རྒྱལ་ཡོངས་ཀྱི་སློབ་ཆུང་དང་དམའ་རིམ་སློབ་འབྲིང་གི་ལོ་རིམ་དང་པོ་ནས་བེད་སྤྱོད་བྱེད་འགོ་འཛུགས་རྒྱུ་དང་ལོ་གསུམ་ནང་ལོ་རིམ་ཚང་མར་ཁྱབ་པར་བྱ་རྒྱུ་རེད།

    སློབ་གསོ་པུའུ་བསླབ་གཞི་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། 2022ལོའི་ཟླ་3པར་སློབ་གསོ་པུས་གསར་དུ་བཟོ་བཅོས་བརྒྱབ་པའི་འོས་འགན་སློབ་གསོའི་སློབ་ཚན་གྱི་ཇུས་གཞི་དང་སློབ་ཚན་གྱི་ཚད་གཞི་བཀྲམ་པ་དང་ཆབས་ཅིག འོས་འགན་སློབ་གསོའི་གཅིག་གྱུར་རྩོམ་སྒྲིག་གི་བསླབ་གཞི་གསུམ་ལ་བཟོ་བཅོས་ཀྱང་རྒྱག་འགོ་བཙུགས་ཡོད། བཟོ་བཅོས་ལས་དོན་གྱིས་ཕྱོགས་ཡོངས་ནས་ཇུས་འགོད་བྱེད་པར་ཤུགས་སྣོན་བརྒྱབ་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་བྱེད་དགོས་པའི་བླང་བྱ་བརྒྱུད་རིམ་ལྡན་པའི་སྒོ་ནས་དོན་འཁྱོལ་བྱས་པ། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་། གསར་བརྗེའི་རིག་གནས། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་བཅས་ཀྱི་སློབ་སྦྱོང་ནང་དོན་ཕུན་སུམ་ཚོགས་སུ་བཏང་བ། རྒྱལ་ཁབ་ཀྱི་བདེ་འཇགས་སློབ་གསོ་དང་། ཁྲིམས་སྐྱོང་སློབ་གསོ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་སློབ་གསོ་སོགས་ཀྱི་འབྲེལ་ཡོད་བརྗོད་དོན་གལ་ཆེན་གྱི་སློབ་སྦྱོང་ལ་ཤུགས་སྣོན་བརྒྱབ་པས་མི་གསོ་སྐྱོང་གི་སྟོན་ཕྱོགས་སྔར་བས་མངོན་གསལ་དོད་དུ་ཕྱིན་ཡོད།

    བསླབ་གཞི་བེད་སྤྱོད་ལས་དོན་ཡག་པོ་སྒྲུབ་ཆེད། ཉེ་ཆར་སློབ་གསོ་པུས་རྐང་འཛིན་སློབ་དཔྱོད་པའི་རྒྱལ་ཁབ་རིམ་པའི་དཔེ་སྟོན་གསོ་སྦྱོང་བྱས་ཤིང་། ས་གནས་ཁག་གིས་ཟླ་8པའི་ཟླ་མཇུག་གོང་སློབ་ཁྲིད་དགེ་རྒན་ཡོངས་ལ་གསོ་སྦྱོང་བྱེད་པའི་ལས་དོན་ལེགས་སྒྲུབ་བྱ་རྒྱུ་རེད། དུས་མཚུངས་སུ་བསླབ་གཞི་སྤྱོད་ཚུལ་ལ་མུ་མཐུད་ལྟ་ཞིབ་ཚད་ལེན་བྱས་ནས་བསླབ་གཞི་སྤྱོད་ཚུལ་དུས་ཐོག་ཏུ་ཤེས་རྟོགས་དང་སྤྱི་ཚོགས་ཀྱི་བསམ་འཆར་གང་ལེགས་ཉན་ཏེ་བསླབ་གཞིའི་སྤུས་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།