དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྙོག་འཛིང་ནས་སྟབས་བདེར་བཏང་སྟེ་དཔྱད་ཞིབ་གནད་སྨིན་དང་། དཔྱད་ཞིབ་ཞིབ་ཚགས། དཔྱད་ཞིབ་ཏན་ཏིག་བཅས་བྱེད་དགོས།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཀུའེ་ཚུན་ལུའུ།   |     སྤེལ་དུས།  2024-08-30

    གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་ཆེད། “ལྟ་བཤེར་དང་། ཞིབ་བཤེར། དཔྱད་ཞིབ་བཅས་སྤྱི་འདོམས་དང་ཚད་ལྡན་དུ་གཏོང་བ”ནི་ལྷུ་ཚིགས་གལ་ཆེན་ཞིག་རེད། ཀྲུང་དབྱང་གི་རིམ་པ་ནས“གཞི་རིམ་ལ་ཕྱོགས་པའི་ལྟ་བཤེར་དང་། ཞིབ་བཤེར། དཔྱད་ཞིབ་བཅས་ཀྱི་བསྡོམས་འབོར་ཉུང་དུ་གཏོང་བ་དང་ཐེངས་གྲངས་ལ་སྤྱི་འདོམས་ཡག་པོ་བྱེད་དགོས”ཞེས་བཏོན་ཏེ། གཞི་རིམ་གྱི་ལས་བྱེད་མང་ཚོགས་ཀྱི་དོ་ཁུར་དང་རེ་སྒུག་ལ་ལན་བསློགས་ཡོད།

    ལྟ་བཤེར་དང་། ཞིབ་བཤེར། དཔྱད་ཞིབ་བཅས་བྱེད་པ་ནི་ལས་དོན་ལ་སྐུལ་འདེད་དང་ཕན་འབྲས་ལ་ཞིབ་བཤེར་བྱེད་པའི“བཀོད་འདོམས་དབྱུག་པ”ལྟ་བུ་རེད། གལ་སྲིད་དཔྱད་ཞིབ་ཀྱི་ཇུས་འགོད་རྙོག་འཛིང་ཆེ་བ་དང་། དམིགས་ཚད་ཀྱི་བཀོད་སྒྲིག་ཧྲག་ཧྲུག་ཚ་དྲགས་པ། སྐར་གྲངས་ལ་བསྟུན་དྲགས་པ་དང་ཐ་ན“སྐར་མ་སྟོང་གི་ལམ་ལུགས”ལག་བསྟར་བྱས་ཚེ། གཞི་རིམ་ལ་བྲེལ་ཟིང་ཆེན་པོ་བཟོས་ནས་ཁ་གཏད་གཅོག་རྒྱུ་ཁོ་ན་ལས་མ་འདས།

    ཀྲེ་ཅང་གིས་ཐོག་མཐའ་བར་གསུམ་དུ་ཁྲེ་ཙེ་གཅིག་གིས་ཚད་འཇལ་མཐའ་འཁྱོངས་བྱས་ནས་འགྲན་ལམ་གྱི་རིང་ཐུང་དབྱེ་རྒྱུར་མཐོང་ཆེན་བྱས་ཐོག་ཕྱོགས་བསྡུས་དཔྱད་ཞིབ་མ་ལག་བཙུགས་ཏེ“ཚན་པ་རེ་ལ་ཐབས་ཇུས་རེའི”ཁྱད་པར་ཅན་གྱི་དཔྱད་ཞིབ་བྱེད་སྟངས་ལག་བསྟར་བྱས་ནས་དཔྱད་ཞིབ་ལ་དམིགས་སའི་རང་བཞིན་སྔར་བས་ཆེན་པོ་ལྡན་པར་བྱས་ཡོད།

    ནང་སོག་ཧུའུ་ཧོ་ཧའོ་ཐེ་གྲོང་ཁྱེར་གྱིས་དཔྱད་ཞིབ་དམིགས་ཚད་གཅིག་བསྡུས་མཉམ་ཞིབ་ལམ་ལུགས་ཁྱབ་གདལ་བཏང་ཐོག་གཙོ་གནད་དམ་འཛིན་དང་། ལྷད་སྐྱོན་སེལ་བ། ལེ་ཚན་ཉུང་གཏོང་། ཕན་འབྲས་དངོས་ལ་ལྟ་བ་བཅས་བྱས་པ་བརྒྱུད། དཔྱད་ཞིབ་དམིགས་ཚད“ཁུ་བསྡུར”སྐུལ་འདེད་བཏང་བ་རེད།

    ལས་བྱེད་པ་རྙོག་འཛིང་ཆེ་ཞིང་ཡང་སྐོར་བསྐྱར་སྐོར་གྱི་དཔྱད་ཞིབ་ཁྲོད་ནས་བཅིངས་འགྲོལ་ཐོབ་པའི་འགག་རྩ་ནི་དཔྱད་ཞིབ་གནད་སྨིན་དང་། དཔྱད་ཞིབ་ཞིབ་ཚགས། དཔྱད་ཞིབ་ཏན་ཏིག་བཅས་བྱེད་པར་ཐུག་ཡོད། དཔྱད་ཞིབ་མ་ལག་དང་། དམིགས་ཚད། བྱེད་སྟངས་བཅས་ཁུ་བསྡུ་ཏན་ཏིག་བྱས་ཏེ་ཚན་རིག་དང་ལུགས་མཐུན་གྱི་སྒོ་ནས་དཔྱད་ཞིབ་དམིགས་ཚད་ཀྱི་སྤུས་ཀ་ལེགས་པ་ལས་མང་པོ་མེད་པ་དང་སྟབས་བདེ་ཡིན་པ་ལས་རྙོག་འཛིང་མེད་པའི་བཀོད་སྒྲིག་བྱས་ཚེ་གཞི་ནས་གྲུབ་འབྲས་དངོས་དང་། འཇོན་ཐང་། སྤྱོད་ཚུལ་བཅས་ལ་དངོས་འབྲེལ་དཔྱད་ཞིབ་བྱེད་ཐུབ།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།