དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • “ཧྲེན་ཀྲེན་དང་། ཤང་ཀང་། ཀོང་ཀྲོའུ”བཅས་ཀྱི་ཚན་རྩལ་ཚོ་འདུས་བསྟུད་མར་གོ་ལ་ཧྲིལ་པོའི་ཨང་གཉིས་པར་སླེབས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-08-30

    ཚེས་27ཉིན་འཛམ་གླིང་ཤེས་བྱའི་བདག་དབང་རྩ་འཛུགས་ཀྱིས《2024ལོའི་གོ་ལ་ཧྲིལ་པོའི་གསར་གཏོད་སྟོན་གྲངས》ཀྱི་རྩེ་གྲ་བརྒྱའི་ཚན་རྩལ་ཚོ་འདུས་ཁྱབ་བསྒྲགས་བྱས་པ་དང་། “ཧྲེན་ཀྲེན་དང་ཤང་ཀང་། ཀོང་ཀྲོའུ”བཅས་ཀྱི་ཚན་རྩལ་ཚོ་འདུས་ལོ་ལྔ་བསྟུད་མར་གོ་ལ་ཧྲིལ་པོའི་ཨང་གཉིས་པར་སླེབས་ཡོད་པ་རེད།

    འཛམ་གླིང་ཤེས་བྱའི་བདག་དབང་རྩ་འཛུགས་ཀྱིས་ཁེ་བེད་བདག་ཐོབ་རེ་ཞུ་དང་ཚན་ཞིབ་དུས་དེབ་ཐོག་བཀོད་པའི་རྩོམ་ཡིག་གི་མང་ཉུང་ལ་ལྟ་ཞིབ་བྱས་པ་བརྒྱུད་གོ་ལ་ཧྲིལ་པོའི་ཚན་རྩལ་གསར་གཏོད་དང་གསར་གཏོད་བྱེད་སྒོ་མདུན་གྲས་ས་ཁུལ་དབྱེ་འབྱེད་བྱས་པ་མ་ཟད་མིང་གྲལ་བཀོད་ཡོད། འདི་ལོའི་མིང་གྲལ་ཁྲོད“ཧྲེན་ཀྲེན་དང་ཤང་ཀང་། ཀོང་ཀྲོའུ”བཅས་ཚོ་འདུས་ཀྱི་2019ལོ་ནས་2023ལོ་བར་གྱི་ཁེ་བེད་བདག་ཐོབ་རེ་ཞུ་བྱེད་ཚད་ནི་མི་ཁྲི་བརྒྱ་རེར་2303ཡིན་པ་དང་། 2018ལོ་ནས་2022ལོ་བར་གྱི་ཚན་ཞིབ་དུས་དེབ་ཐོག་བཀོད་པའི་རྩོམ་ཡིག་གི་ཚད་ནི་མི་ཁྲི་བརྒྱ་རེར་རྩོམ་ཡིག་3469ཟིན་ནས་གཉིས་ཀ་དུས་འཁོར་གོང་མ་ལས་ཅུང་འཕར་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།