དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཟླ་བ་དང་པོ་ནས་བདུན་པའི་བར་གཞུང་ཁོངས་ཁེ་ལས་ཀྱི་ལས་གཉེར་ཡོང་འབབ་བསྡོམས་འབོར་1.6%འཕར་བ།

    འཇལ་དགོས་པའི་ཁྲལ་རིན་1.3%འཕར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-08-30

    ཉེ་ཆར། ནོར་སྲིད་པུས་ཟླ་དང་པོ་ནས་བདུན་པའི་བར་གྱི་རྒྱལ་ཡོངས་ཀྱི་གཞུང་ཁོངས་དང་གཞུང་ཁོངས་མ་རྐང་ཚོད་འཛིན་ཁེ་ལས་ཀྱི་གཉེར་སྐྱོང་ཡོང་འབབ་ཀྱི་གྲངས་གཞི་ཁྱབ་བསྒྲགས་བྱས་པ་རེད། ཟླ་བ་དང་པོ་ནས་བདུན་པའི་བར། གཞུང་ཁོངས་ཁེ་ལས་ཀྱི་ལས་གཉེར་ཡོང་འབབ་བསྡོམས་འབོར་སྒོར་དུང་ཕྱུར་472872.7ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་1.6%འཕར་བ་དང་། ཁེ་སྤོགས་བསྡོམས་འབོར་སྒོར་དུང་ཕྱུར་25701.5ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་2.0%ཆག་པ། འཇལ་དགོས་པའི་ཁྲལ་རིན་སྒོར་དུང་ཕྱུར་34872.7ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་1.3%འཕར་ཡོད། ཟླ་བ་7པའི་ཟླ་མཇུག་ཏུ། གཞུང་ཁོངས་ཁེ་ལས་ཀྱི་རྒྱུ་ནོར་བུ་ལོན་ཟུག་ཚད་64.9%ཟིན་པ་དེ་བརྒྱ་ཆའི་གྲངས་0.1འཕར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།