དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • རུ་ཐོག་རྫོང་གིས།

    གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་སྤུས་འབྲས་ལེགས་གཉེར་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-08-30

    ཉེ་བའི་ལོ་ཤས་རིང་། མངའ་རིས་ས་ཁུལ་རུ་ཐོག་རྫོང་གིས་ཞིང་འབྲོག་མང་ཚོགས་ཀྱི་ཆེད་ལས་མཉམ་ལས་ཁང་འཕེལ་རྒྱས་གཏོང་རྒྱུ་དེ་ལས་དོན་གལ་ཆེན་ཞིག་ཏུ་བརྩིས་ནས་རྒྱུན་མཐུད་ཆོག་པ་དང་ལམ་ལུགས་ཅན་གྱི་དོ་དམ་ལམ་ལུགས་བཟོས་པ་དང་། ཐོན་ཁུངས་སྣ་ཚོགས་སྤྱི་འདོམས་ལ་ཤུགས་སྣོན་རྒྱག་པ། ཞིང་འབྲོག་ལས་ཐོན་སྐྱེད་ཀྱི་འབྲེལ་ཡོད་ལས་སྒོ་གཉེར་བའི་བརྒྱུད་རིམ་ལེགས་སུ་གཏོང་བ། མཉམ་ལས་ཁང་གི་ཧྲེ་ཡོན་དང་ཞིང་འབྲོག་མང་ཚོགས་ཀྱི་ཆེད་ལས་ཐོན་སྐྱེད་རྩལ་ནུས་གསོ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་ཕྱི་ཕྱོགས་སུ་ལག་ལེན་དངོས་སློབ་སྦྱོང་དང་ལྟ་སྐོར་སྒྲིག་འཛུགས་བྱས་ཏེ“འཛུགས་པ་དང་། དོ་དམ། བྲིན་ཚོང”སོགས་ཀྱི་ཐད་སྔོན་ཐོན་མཉམ་ལས་ཁང་ལ་སློབ་སྦྱོང་བྱས་ནས་གྲོང་གསེབ་ཀྱི་མཉམ་སྡེབ་དཔལ་འབྱོར་སྤུས་འབྲས་ལེགས་གཉེར་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་རེད།

    ན་ནིང་རུ་ཐོག་རྫོང་གིས་སྔ་རྗེས་སུ་མ་དངུལ་སྒོར་དུང་ཕྱུར་2.5བཏང་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་དུ་གཏོང་བ་དང་གྲོང་གསེབ་དར་རྒྱས་སྦྲེལ་མཐུད་ནུས་ལྡན་བྱེད་པའི་རྣམ་གྲངས་ཁག38ལག་བསྟར་བྱས་པ་དང་མིག་སྔའི་བར་རྣམ་གྲངས་ཁག30ལེགས་གྲུབ་ཟིན་ཡོད། དེ་དང་ཆབས་ཅིག་རུ་ཐོག་རྫོང་གིས་ཐབས་མང་མཉམ་སྤྱོད་བྱས་ནས་ལས་ཞུགས་སྲིད་ཇུས་དོན་འཁྱོལ་བྱས་ཏེ་རྣམ་གྲངས་འཛུགས་སྐྲུན་དང་། ཁེ་ལས། སྲིད་གཞུང་གིས་ཉོས་པའི་ལས་གནས་སོགས་ཁྱབ་ཁོངས་མང་པོར་མི་དེ་བས་མང་བ་ལས་ཞུགས་ཐུབ་པར་བྱས་ཡོད། མིག་སྔའི་བར། རྫོང་ཡོངས་ཀྱི་དབུལ་སྒྲོལ་མི་འབོར་185ལས་ཞུགས་བརྟན་པོ་ཡོང་བར་སྐུལ་འདེད་བཏང་བ་དང་། ཡོང་འབབ་སྒོར་ཁྲི་662.8ལྷག་ཙམ་བྱུང་བ། དབུལ་སྒྲོལ་མི་འབོར་411ཕྱིར་གླ་པར་སྐྱོད་པ་དང་ཡོང་འབབ་སྒོར་ཁྲི་753ལྷག་ཙམ་འཕར་བ། དབུལ་སྒྲོལ་མི་འབོར་263ལ་སྐྱེ་ཁམས་ཀྱི་ལས་གནས་ཐག་གཅོད་བྱས་པ་དང་གླ་ཆ་སྒོར་ཁྲི་132.4ལྷག་ཙམ་སྤྲད་པ། དབུལ་སྒྲོལ་མང་ཚོགས་29ལ་རྩལ་ནུས་གསོ་སྦྱོང་བྱས་པ་དང་གསོ་སྦྱོང་བྱས་རྗེས་མི་11ལས་ཞུགས་ཐུབ་པར་ཟླ་རེའི་ཡོང་འབབ་སྒོར་1850ནས་སྒོར་3000བར་བྱུང་བ་དང་ཁྱོན་འབབ་འཕར་སྒོར་ཁྲི་15.16བྱུང་ཡོད། གཞན་ཡང་། རུ་ཐོག་རྫོང་དབུལ་སྐྱོར་གསར་སྤེལ་ཚད་ཡོད་ཀུང་སིས་2023ལོའི་ལོ་འཁོར་གྱི་ཡོང་འབབ་ཁེ་གཙང་གི་30%ཐོན་ལས་ཀྱི་བགོ་འགྲེམས་མ་དངུལ་ལ་བརྩིས་ནས་དབུལ་སྒྲོལ་མང་ཚོགས་དང་དེ་བཞིན་དབུལ་ལོག་གི་ལྟ་ཞིབ་ཚད་ལེན་བྱ་ཡུལ་ལ་སྤྲད་པས་ཞིང་འབྲོག་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཆེ་རུ་ཤུགས་ཆེན་ཕྱིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།