དབུ་ཤོག>གསར་འགྱུར།>དམངས་འཚོ།
  • རེ་བས་ཕྱུག་པའི་གྲོང་གསེབ་ཀྱི་འཕོ་འགྱུར།

    —— མཚོ་སྨད་རྫོང་གིས་གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་ལས་ཀའི་སྒྲིལ་གླེང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-08-30

    2024ལོ་ནས་བཟུང་མཚོ་སྨད་རྫོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ“ཞིང་གསུམ”ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་པ་དང་། “ཁྲི་སྟོང་ལས་གཞིའི”ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་བྱེད་པར་བརྟེན་ནས་གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་གཏོང་རྒྱུར་སྐུལ་འདེད་ནུས་ལྡན་བཏང་བས། ཞིང་ལས་སྔར་བས་སྟོབས་ལྡན་དང་། གྲོང་གསེབ་སྔར་བས་མཛེས་པ། ཞིང་པ་སྔར་བས་ཕྱུག་པོར་འགྱུར་བ་བཅས་ལ་སྐུལ་མ་ཐེབས་ཡོད།

    “འབྲུ་ཕད”བརྟན་པོར་ཁུར་ནས་འབྲུ་རིགས་བདེ་འཇགས་འགན་ལེན་བྱེད་པ།

    ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་བྱེད་པ་དེ་ཕྱོགས་གཅིག་ནས་འབྲུ་རིགས་བདེ་འཇགས་དང་འབྲེལ་བ་ཡོད་ལ། ཕྱོགས་གཞན་ཞིག་ནས་མང་ཚོགས་ཀྱི་འབབ་འཕར་དང་ཡང་འབྲེལ་བ་ཡོད་པས། དེ་ནི་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བ་དང་དེང་རབས་ཞིང་ལས་འཕེལ་རྒྱས་ལ་རམ་འདེགས་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་རེད།

    འདི་ལོ་ནས་བཟུང་མཚོ་སྨད་རྫོང་གིས་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་འགན་ལེན་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་ཁུར་ནས་ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་དང་ཞིང་ཁའི་ཆུ་བེད་སྒྲིག་བཀོད་ཆུང་གྲས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་སྟེ། ས་ཆ་ཁོད་སྙོམས་དང་། ས་རྒྱུ་ལེགས་བཅོས། ཆུ་འདྲེན་ཆུ་འབུད་སོགས་ཀྱི་བྱ་ཐབས་སྤྱད་དེ་འབྲུ་རིགས་ཀྱི་ཐོན་སྐྱེད་ཆ་རྐྱེན་ལེགས་སུ་བཏང་ནས་ཞིང་ཁའི་ཐོན་འབབ་མཐོ་རུ་བཏང་ཡོད། 2024ལོར་མཚོ་སྨད་རྫོང་གིས་སྒོར་ཁྲི་370ལྷག་ཙམ་བཏང་ནས་ཚད་གཞི་མཐོ་བའི་ཞིང་ཁ་མུའུ་1000འཛུགས་སྐྲུན་བྱས་པ་དང་། སྒོར་ཁྲི་280བཏང་ནས་ཚད་གཞི་མཐོ་བའི་ཞིང་ཁ་མུའུ་1000སྒྱུར་བཀོད་རིམ་སྤོར་བྱས་ཏེ་ཞིང་བརྟེན་འབྲུ་གསོག་དང་རྩལ་བརྟེན་འབྲུ་གསོག་གི་འཐབ་ཇུས་དོན་འཁྱོལ་བྱས་ནས། རྫོང་ཡོངས་ཀྱི་ཞིང་ལས་ཐོན་སྐྱེད་ཀྱི་རྨང་གཞིའི་སྒྲིག་བཀོད་ཆ་རྐྱེན་ལེགས་སུ་ཧུར་ཐག་བཏང་ཡོད།

    “ཤའི་སྡེར་མ”ཡག་པོ་བཏེགས་ནས་ནོར་ལུག་གསོ་སྤེལ་བྱེད་ཤུགས་ཆེ་རུ་གཏོང་བ།

    མཚོ་སྨད་རྫོང་གིས་དེང་རབས་འབྲོག་ལས་འཕེལ་རྒྱས་ཀྱི་གོམ་སྟབས་ཀྱི་རྗེས་སུ་དམ་པོར་འབྲངས་ནས་འབྲོག་ལས་སྒྱུར་བཅོས་ལས་དོན་ལ་མུ་མཐུད་སྐུལ་འདེད་བཏང་ཞིང་། དུས་འགོར་ལག་ལེན་བསྟར་བའི་གྲི་གུའི་འབྲོག་ལས་སྒྱུར་བཅོས་ལས་དོན་གྱི་རྨང་གཞིའི་ཐོག་མཚོ་སྨད་རྫོང་གིས་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ནས“མི་དང་། ཕྱུགས། རྩྭ”བཅས་ཀྱི་ཐོན་སྐྱེད་རྒྱུ་ཆ་མ་རྐང་ནང་ཞུགས་པའི་བྱ་ཐབས་བརྒྱུད་ཞིང་འབྲོག་མང་ཚོགས་ཀྱི་དཔལ་འབྱོར་རྩ་འཛུགས་མཉམ་ལས་ཁང་བཙུགས་ཏེ། སྔོན་ཐོན་གྱི་གསོ་སྤེལ་ལག་རྩལ་དང་སྒྲིག་ཆས་ཁྱབ་གདལ་བཏང་ནས་འབྲོག་ལས་ཀྱི་ཐོན་སྐྱེད་ལས་ཕྱོད་ཆེ་རུ་དང་ཐོན་རྫས་ཀྱི་སྤུས་ཚད་མཐོ་རུ་བཏང་ཐོག་འབྲོག་ལས་ཀྱི་དཔལ་འབྱོར་ཡོང་འབབ་མང་དུ་བཏང་བ་རེད།

    2018ལོ་ནས་བཟུང་སྒོ་བསྡུས་ཤང་བཀྲ་ཤིས་གསུམ་མདོ་གྲོང་ཚོས་རྨང་བརྟན་དམངས་ཕན་རྣམ་གྲངས་དང་རྫོང་རིམ་པའི་གྲོང་ཚོའི་མཉམ་སྡེབ་ཁ་གསབ་སོགས་མ་དངུལ་གཅིག་གྱུར་གྱིས་སྤྱད་དེ་སྔ་རྗེས་སུ་སྒོར་ཁྲི་220བཏང་ནས“ལུག་སྟོང་གི་རྒྱུད་སྤེལ་རྟེན་གཞི”དང“འབྲི་གཡག་བརྒྱ་ཡི་རྒྱུད་སྤེལ་རྟེན་གཞིའི”རྣམ་གྲངས་གཉིས་ལག་བསྟར་བྱས་པ་མ་ཟད། གསོ་མཁས་ལུག་དང་ཞྭ་མདའི་འབྲི་གཡག་སོགས་ཕྱུགས་རིགས་རྒྱུད་བཟང་ནང་འདྲེན་ཧུར་ཐག་བྱས་ནས་གསོ་སྤེལ་བྱས་པ་དང་། གྲི་གུ་གྲོང་རྡལ་གྱི་ཁ་བྲོ་ཁྱིམ་ཚང་འབྲོག་རར་ནོར་ལུག་གསོ་སྤེལ་བྱས་ཏེ་ཚགས་ཤ་སྐམ་པོ་དང་། འོ་མ། མར། ཕྱུར་བ་སོགས་འབྲོག་ལས་ཐོན་རྫས་ཕྱིར་ཚོང་བྱེད་ཀྱི་ཡོད།

    “དངུལ་ཁུག”ལྗིད་ཏིག་ཏིག་བཟོས་ནས་མང་ཚོགས་ཀྱི་འབབ་འཕར་ལ་སྐུལ་འདེད་གཏོང་བ།

    མཚོ་སྨད་རྫོང་གིས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་མུ་མཐུད་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་། དབུལ་ལོག་སྔོན་འགོག་གི་གནས་ཚུལ་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་ལམ་སྲོལ་འཐུས་ཚང་དུ་གཏོང་བ། དབུལ་སྒྲོལ་མང་ཚོགས་ཀྱི“འབབ་འཕར་བྱེད་ཐབས་ཁག་བདུན”དོན་འཁྱོལ་ཡག་པོ་བྱེད་པ། འབབ་འཕར་ཕྱུག་འགྱུར་གྱི་ལམ་བུ་ནུས་ཤུགས་ཡོད་རྒུས་རྒྱ་སྐྱེད་གཏོང་བ་བཅས་བྱས་ནས། གཞི་ཁྱོན་རང་བཞིན་གྱི་དབུལ་ལོག་མི་ཐེབས་པའི་མཐའ་ཚད་མཐའ་གཅིག་ཏུ་བསྲུངས་ཡོད། འདི་ལོ་ནས་བཟུང་རིམ་རྩིས་བྱས་ན་དབུལ་ལོག་སྔོན་འགོག་གི་འཕྲལ་སྡོམ་མ་དངུལ་སྒོར་ཁྲི་3.5སྤྲད་པ་དང་། འཚམས་འདྲིའི་མ་དངུལ་སྒོར་ཁྲི་7.8སྤྲད་པ། ཐོན་ལས་ཀྱི་བགོ་འགྲེམས་སྒོར་ཁྲི་250ལྷག་ཙམ་བརྒྱབ་པ་བཅས་རེད། ལོ་སྟོད་དུ་རྫོང་ཡོངས་ཀྱི་དབུལ་སྒྲོལ་མང་ཚོགས་ཀྱི་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར་10028ཟིན་ནས་འཕར་ཚད་18.87%ཟིན་ཡོད།

    གྲོང་གསེབ་དར་རྒྱས་གཏོང་བར་ཐོན་ལས་སྔོན་ལ་སྤེལ་དགོས་ཤིང་། མིག་སྔའི་བར་མཚོ་སྨད་རྫོང་གིས་རྣམ་གྲངས་118ལས་འགོ་བཙུགས་ནས་མི་3100ལྷག་ཙམ་ལས་ཞུགས་ཐུབ་པ་བྱས་པ་དང་གླ་ཆ་སྒོར་ཁྲི་333ལྷག་ཙམ་སྤྲད་ཡོད་པ་རེད། “ལས་ཀར་འགྲོ་ས་ཁྱིམ་གྱི་ཉེ་འགྲམ་དུ་ཡོད་སྟབས་ཉིན་མོ་ལས་ཡུལ་དུ་གླ་པ་རྒྱུག་པ་དང་དགོང་མོ་ཁྱིམ་དུ་ལོག་ནས་ཕ་མ་དང་ཕྲུ་གུར་ལྟ་རྟོག་བྱེད་ཐུབ་པའི་ཁར། ད་དུང་གླ་ཆའང་ཡག་པོ་རག་གི་འདུག”ཅེས་གླ་ཆ་རག་མ་ཐག་པའི་བསྟན་འཛིན་གྱིས་དགའ་སྤྲོའི་ངང་བཤད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།