དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བྲག་ཡིབ་ཆུས་ཀྱིས།

    ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་སྒྲོག་འགྲེལ་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-08-30

    ཉེ་ཆར། བྲག་ཡིབ་ཆུས་ཨུད་དྲིལ་བསྒྲགས་པུས་སྣེ་ཁྲིད་དེ་གཞི་རིམ་གྱི་སྒྲོག་འགྲེལ་རྐང་འཛིན་པ་དང་བྲག་ཡིབ་ཆུས་ཁྲིམས་འཛིན་ཅུས་བཅའ་ཁྲིམས་རོགས་སྐྱོར་ལྟེ་གནས་ཀྱི་ཁྲིམས་རྩོད་པས་གཙོ་བོར་བྱས་པའི་སྐོར་སྐྱོད་སྒྲོག་འགྲེལ་ཚོགས་པ་བཙུགས་ནས་སྡེ་ཁུལ་ཁག་ཏུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་བའི་སྒྲོག་འགྲེལ་ཚོགས་འདུ་འཚོགས་པ་རེད།

    ཚོགས་འདུའི་ཐོག་སྒྲོག་འགྲེལ་ཚོགས་པའི་ཁོངས་མིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་རྐང་དུ་བྱས་ནས“འདུ་ཤེས་གསུམ”གྱི་ནང་དོན་ལ་དམིགས་ཏེ་ཉེ་འཁོར་གྱི་དཔེ་མཚོན་དང་ཟུང་འབྲེལ་བྱས་ནས་མང་ཚོགས་ལ་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་རྒྱུན་ཤེས་ཁྱབ་གདལ་གཏོང་བ་དང་། མང་ཚོགས་ཀྱིས“འདུ་ཤེས་གསུམ”ལ་འཛིན་པའི་ངོས་འཛིན་ཟབ་ཏུ་གཏོང་བ། བཅའ་ཁྲིམས་དང་ཁྲིམས་སྲོལ་སྲུང་སྐྱོང་བྱེད་པའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་གཏོང་བ། མི་སྒེར་གྱི་བཅའ་ཁྲིམས་བྱང་ཚད་མཐོ་རུ་གཏོང་བ་བཅས་བྱས་ཡོད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་དོན་སྙིང་གལ་ཆེན་ལ་གོ་བ་གཏིང་ཟབ་ལེན་པ་དང་བསམ་བློའི་འདུ་ཤེས་སྔར་བས་བསྒྱུར་ནས་མང་ཚོགས་ཀྱིས་ཁྲིམས་མཐུན་ལུགས་མཐུན་གྱི་སྒོ་ནས་རེ་འདུན་མཚོན་པར་ཁྲིད་སྟོན་བྱས་ཏེ། ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་དྲན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་ཡིད་ཆེས་དང་ཆོད་སེམས་སྔར་བས་བརྟན་དུ་བཏང་ཡོད། ད་ཐེངས་ཀྱི་སྒྲོག་འགྲེལ་ལས་མང་ཚོགས་མི་ཐེངས་200ལྷག་ཙམ་ལ་ཕན་པ་ཐོབ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།