དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • སྣ་དཀར་རྩེ་རྫོང་གིས་རྒན་ཡོལ་ཞུས་པའི་ལས་བྱེད་པ་དང་ལས་བཟོ་ཕ་ཡུལ་དུ་འགྱུར་ལྡོག་ལ་ལྟ་བ་དང་འཕེལ་རྒྱས་སྐོར་གླེང་བར་སྒྲིག་འཛུགས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-08-30

    ཉེ་ཆར། སྣ་དཀར་རྩེ་རྫོང་གིས་རྒན་ཡོལ་ཞུས་པའི་ལས་བྱེད་པ་དང་ལས་བཟོ་སྒྲིག་འཛུགས་བྱས་ནས“ཕ་ཡུལ་དུ་ལོག་པ་དང་། འགྱུར་ལྡོག་ལ་ལྟ་བ། འཕེལ་རྒྱས་སྐོར་གླེང་བའི”བྱེད་སྒོ་སྤེལ་བ་རེད།

    བྱེད་སྒོ་སྤེལ་རིང་ལས་བྱེད་པ་རྒན་གྲས་ཚོས་ས་ཡུལ་དངོས་སུ་ལྟ་སྐོར་དང་། བཞུགས་མོལ་སྤེལ་རེས། དུད་ཚང་དུ་འདྲི་གླེང་སོགས་ཀྱི་བྱ་ཐབས་བརྒྱུད་སྔ་རྗེས་སུ་གྲམ་མདའ་ཤང་དང་ལྷུན་པོ་ཞོལ་ཤང་དྲེལ་བཏགས་ཁ་གྲོང་ཚོའི་མི་སྡོད་ཁོར་ཡུག་བཅོས་སྒྲིག་དང་མི་ཕྱུགས་ལོགས་དབྱེའི་ལས་དོན་སྤེལ་ཚུལ་དང་། ལྷུན་པོ་ཞོལ་ཤང་ཞོལ་རྫོང་གྲོང་ཚོའི་ཏང་འཛུགས་སྐྱོང་གི་ཁྱམས་རིང་དང་། རྫོང་སྲིད་གཙང་སློབ་གསོའི་རྟེན་གཞི། རྫོང་མི་དམངས་སྨན་ཁང་། དཔལ་སྡེ་ཤང་ཆུ་གསེར་གྲོང་ཚོའི་ཏང་དམངས་ཞབས་ཞུའི་ས་ཚིགས་སོགས་ཀྱི་འཛུགས་སྐྲུན་གནས་ཚུལ་ཤེས་རྟོགས་བྱས་པ་རེད། ལས་བྱེད་པ་རྒན་གྲས་ཚོ་ས་ཆ་གང་དུ་སླེབས་ཀྱང་གཟབ་ནན་སྒོས་ངོ་སྤྲོད་ཉན་ནས་སྣ་དཀར་རྩེ་རྫོང་གི་རྣམ་པ་གསར་པ་དང་། གནས་ཚུལ་གསར་པ། འཕེལ་རྒྱས་གསར་པ་བཅས་མྱོང་ཚོར་ཐུབ་པར་བྱས་པ་རེད།

    བྱེད་སྒོ་མཇུག་འགྲིལ་རྗེས། རྒན་ཡོལ་ཞུས་པའི་ལས་བྱེད་པ་རྒན་གྲས་ཚོས། ལས་གནས་ནས་ཁ་བྲལ་མོད། འོན་ཀྱང་དུས་དང་རྣམ་པ་ཀུན་ཏུ་རང་ཉིད་ཀྱི་འགན་འཁྲི་བློ་ལ་བརྟན་པོར་ངེས་ནས་རྒན་ཡོལ་ཞུས་ཀྱང་སྙིང་སྟོབས་མི་ཉམས་པ་དང་ལས་གནས་ནས་བྲལ་ཡང་ཏང་དང་མི་བྲལ་བར་དུས་དང་རྣམ་པ་ཀུན་ཏུ་སྣ་དཀར་རྩེ་རྫོང་གི་འཕེལ་རྒྱས་ལ་དོ་ཁུར་དང་རྒྱབ་སྐྱོར་བྱས་ཏེ། དེ་བས་རབ་ཏུ་འཕེལ་བའི་སྤྲོ་སེམས་ལ་བརྟེན་ནས་སྣ་དཀར་རྩེ་རྫོང་གི་བྱ་གཞག་ཁག་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་ཐབས་དང་ཇུས་ཧུར་ཐག་འདོན་གྱི་ཡིན་ཞེས་ཞེས་གཅིག་རྗེས་གཉིས་མཐུད་ངང་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།