དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀྲུང་གོའི་ལུས་རྩལ་འཐུས་མི་ཚོགས་པས་ཕ་རི་སི་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ཀྱི་འགོ་ཚུགས་མཛད་སྒོའི་དར་ཆ་འཁྱེར་མཁན་ཁྱབ་བསྒྲགས་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-08-29

    ཚེས་26ཉིན། ཕ་རི་སི་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ཀྱི་ཀྲུང་གོའི་ལུས་རྩལ་འཐུས་མི་ཚོགས་པས་བུ་མོའི་རྐུབ་སྟེགས་འཁོར་ལོའི་གྲི་རྩལ་ལུས་རྩལ་པ་ཀུའུ་ཧའེ་གཡན་དང་སྐྱེས་པའི་ལྗིད་འདེགས་ལུས་རྩལ་པ་ཆི་ཡུང་ཁའེ་འགོ་ཚུགས་མཛད་སྒོའི་ཀྲུང་གོའི་ལུས་རྩལ་འཐུས་མི་ཚོགས་པའི་དར་ཆ་འཁྱེར་མཁན་ཡིན་པའི་ཁྱབ་བསྒྲགས་བྱས་པ་རེད།

    ཀུའུ་ཧའེ་གཡན་ལ་དེ་སྔ་ཐོ་ཁེའོ་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ཀྱི་རྐུབ་སྟེགས་འཁོར་ལོའི་གྲི་རྩལ་རྣམ་གྲངས་ཀྱི་བུ་མོའི་གྲི་རྩལ་Aརིམ་པའི་ཁེར་རྐྱང་གི་འགྲན་བསྡུར་ནང་ཨང་དང་པོ་དང་བུ་མོའི་གྲི་རྩལ་ཚོགས་པའི་འགྲན་བསྡུར་ནང་ཨང་དང་པོ་ཐོབ་ཡོད། སྐབས་འདིའི་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ནང་ཁོང་གྲི་རྩལ་འགྲན་བསྡུར་གྱི་རྣམ་གྲངས་ལྔའི་ནང་ཞུགས་རྒྱུ་རེད།

    ཆི་ཡུང་ཁའེ་ལ་དེ་སྔ་ཐོ་ཁེའོ་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ཀྱི་ལྗིད་འདེགས་རྣམ་གྲངས་ཀྱི་སྐྱེས་པའི་སྤྱི་རྒྱ་59རིམ་པའི་ཨང་དང་པོ་ཐོབ་ཡོད། སྐབས་འདིའི་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ནང་ཁོང་སྤྱི་རྒྱ་59རིམ་པའི་ལྗིད་འདེགས་འགྲན་བསྡུར་ནང་ཞུགས་རྒྱུ་རེད།

    དབང་སྐྱོན་ཨོ་རྩལ་འགྲན་ཚོགས་སྐབས་བཅུ་བདུན་པ་ཟླ་8ཚེས་28ཉིན་ནས་ཟླ་9ཚེས་8ཉིན་བར་ཧྥ་རན་སེའི་ཕ་རི་སིར་འཚོག་རྒྱུ་དང་ཁྱོན་རྣམ་གྲངས་ཆེ་བ་22དང་རྣམ་གྲངས་ཆུང་བ་549ཡོད་ཅིང་། ད་ཐེངས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ལ་རྒྱལ་ཁབ་དང་ས་ཁུལ་160ཡི་ལུས་རྩལ་པ་4400ཞུགས་རྒྱུ་རེད། རང་རྒྱལ་གྱིས་ཀྱང་ལུས་རྩལ་ཚོགས་པ་བཏང་ནས་དབྱར་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ལ་ཞུགས་ཐེངས་བཅུ་གཅིག་པ་དེ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།