དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ལྕགས་ལམ་སྡེ་ཚན་གྱིས་བྱེད་ཐབས་སྣ་མང་མཉམ་དུ་སྤྱད་ནས་དབྱར་གསེང་སྐྱེལ་འདྲེན་ལ་འགན་ལེན་བྱས་པ།

    སྔོན་དཔག་བྱས་ན་ཕར་འགྲོ་ཚུར་འོང་བྱེད་མཁན་སློབ་མ་མི་ཐེངས་ཁྲི་650ཟིན་རྒྱུ་ཡིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-08-29

    གསར་འགོད་པས་ཀྲུང་གོ་རྒྱལ་ཁབ་ལྕགས་ལམ་ཚོགས་པ་ཚད་ཡོད་ཀུང་སི(རྒྱལ་ཁབ་ལྕགས་ལམ་ཚོགས་པ)ནས་ཤེས་རྟོགས་བྱས་པར་གཞིགས་ན། དབྱར་གསེང་མཇུག་འགྲིལ་བ་དང་རྒྱལ་ཡོངས་ཀྱི་སློབ་གྲྭ་ཆེ་གྲས་ཁག་སློབ་འགོ་ཚུགས་ཉེར་ཡོད་ཅིང་། ཟླ་8ཚེས་26ནས་ཟླ་9ཚེས་10ཉིན་བར་ལྕགས་ལམ་སྡེ་ཚན་གྱིས་སློབ་མའི་འགྲུལ་རྒྱུན་མང་ཤོས་བསུ་རྒྱུ་ཡིན་པ་དང་། སྔོན་དཔག་བྱས་ན་སློབ་མ་མི་ཐེངས་ཁྲི་650སྐྱེལ་འདྲེན་བྱ་རྒྱུ་ཡིན་པ་རེད། ལྕགས་ལམ་སྡེ་ཚན་གྱིས་སློབ་མའི་སྐྱེལ་འདྲེན་ལས་དོན་སྒྲིག་འཛུགས་ཞིབ་ཚགས་བྱས་ཏེ་སྐྱེལ་འདྲེན་ནུས་ཤུགས་བཀོད་སྒྲིག་དང་མེ་འཁོར་ནང་ལངས་ནས་སྡོད་པའི་ཞབས་ཞུ་ཡག་པོ་བསྒྲུབ་པར་སྤྱི་འདོམས་བྱས་ནས། སློབ་མ་བདེ་འཇགས་དང་གོ་རིམ་ལྡན་པའི་ངང་སློབ་གྲྭར་ལོག་ཐུབ་པར་འགན་ལེན་ནུས་ཤུགས་ཡོད་རྒུས་བྱ་རྒྱུ་རེད།

    སློབ་མར་སྤ་སེ་འཚོང་བའི་ཞབས་ཞུ་ལེགས་སུ་བཏང་ནས་གནད་ལ་འཁེལ་པོས་སྤ་སེ་ཉོ་བའི་དགོས་མཁོ་སྐོང་རྒྱུ་ཡིན་ཞིང་། ལྕགས་ལམ་གྱི་12306དུད་སྣེའི་ཐོག“སློབ་མའི་སྤ་སེ་སྔོན་མངགས་ཞབས་ཞུ”བསྒྲུབ་རྒྱུ་ཡིན་པས། སློབ་མ་ཚོས་གཟིགས་སྐྱོང་འོས་ཐོབ་ཀྱི་ཆ་འཕྲིན་བརྒྱངས་རྗེས་སྔོན་ཚོང་དུས་ཚོད་ཕུད་པའི་སློབ་གྲྭར་ལོག་པའི་སྤ་སེ་སྔོན་མངགས་བྱེད་ཆོག་པ་དང་། མ་ལག་གིས་མེ་འཁོར་མ་བཏང་གོང་གི་ཉིན་བཅུ་དྲུག་པར་སྤ་སེ་བརྗེ་སྤྲོད་བྱས་ནས་རང་ཉིད་དང་དེ་བཞིན་མེ་འཁོར་གཅིག་གི་འགྲུལ་པས་མཉམ་དུ་སྤ་སེ་སྔོན་མངགས་བྱས་ཏེ་སློབ་མ་ཕན་ཚུན་མཉམ་དུ་སྐྱོད་པའམ་ཡང་ན་ཁྱིམ་བདག་གིས་སྐྱེལ་རྒྱུར་སྟབས་བདེ་བསྐྲུན་ཡོད། སྔོན་ཚོང་དུས་ཚོད་རིང་གི་མེ་འཁོར་སྤ་སེ་རྒྱུན་གཏན་གྱི་བྱེད་ཐབས་ལྟར་འཚོང་བ་སྟེ་དཔེར་ན་སྤ་སེ་བཙོངས་ཚར་ཚེ་སྤ་སེ་ཐོལ་པ་འཚོང་གི་ཡོད། དེ་དང་ཆབས་ཅིག་ལྕགས་ལམ་གྱི་12306དུད་སྣེའི་ཐོག“སློབ་མའི་ཕྱིར་སྐྱོད་དགོས་མཁོ་འཚོལ་བསྡུའི”ཞབས་ཞུ་བསྒྲུབ་རྒྱུ་དང་སློབ་མ་ཚོས་རང་མོས་ངང་ཕྱིར་སྐྱོད་དགོས་མཁོ་སྙན་སེང་ཞུ་ཆོག་པ་དང་ལྕགས་ལམ་སྡེ་ཚན་གྱིས་དུས་ཐོག་ཏུ་འཚོལ་བསྡུ་དབྱེ་ཞིབ་བྱས་ཏེ་མེ་འཁོར་གྱི་བདེ་འཇགས་དང་སྐྱེལ་འདྲེན་ནུས་ཤུགས་ཐོན་ཁུངས་ལ་སྤྱི་འདོམས་བསམ་གཞིག་བྱས་ནས་སྐྱེལ་འདྲེན་ལ་འགན་ལེན་གང་ཐུབ་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།