དགེ་རྒན་ལ་བརྩི་བཀུར་དང་ཕན་འདོགས་པའི་སྤྱི་ཕན་བྱ་སྤྱོད་སྤེལ་འགོ་ཚུགས་པ།
ཚེས་26ཉིན་ཀྲུང་གོ་དགེ་རྒན་འཕེལ་རྒྱས་ཐེབས་རྩ་ལྷན་ཚོགས་ཀྱིས་པེ་ཅིང་དུ་དགེ་རྒན་ལ་བརྩི་བཀུར་དང་ཕན་འདོགས་པའི་སྤྱི་ཕན་བྱ་སྤྱོད་སྤེལ་འགོ་བཙུགས་པ་དང་ཁག་དང་པོར་ཁེ་ལས་17ཞུགས་ཤིང་། དགེ་རྒན་ལ་བརྩི་བཀུར་དང་ཕན་འདོགས་པའི་སྤྱི་ཕན་བྱ་སྤྱོད་དེ་ཁྱིམ་སྤྱོད་གློག་ཆས་དང་། འགྲིམ་འགྲུལ། རླངས་འཁོར་ཉོ་སྒྲུབ་སོགས་ཐད་ནས་དགེ་རྒན་ཚོགས་སྤྱིར་ཡུན་རིང་གི་གཟིགས་སྐྱོང་ཞབས་ཞུ་བསྒྲུབ་རྒྱུ་མ་ཟད། “ཀྲུང་གོའི་དགེ་རྒན་ཤར་བགྲོད”ཀྱི་བྱ་རིམ་ཆུང་ངུའི་དགེ་རྒན་ལ་ཕན་འདོགས་པའི་ཞབས་ཞུའི་ཆེད་དོན་ཁུལ་ཡོངས་བསྒྲགས་བྱ་རྒྱུ་རེད།
སློབ་གསོ་པུའི་དགེ་རྒན་ལས་དོན་སིའི་འབྲེལ་ཡོད་འགན་འཁུར་བས། བྱ་སྤྱོད་དེ་སློབ་གསོ་པུའུ་སོགས་པུའུ་ཨུད་བདུན་གྱིས་སྤྱི་འདོམས་མཐུན་སྦྱོར་བྱས་ཏེ་སྤྱི་ཕན་བྱེད་སྟངས་བརྒྱུད་དགེ་རྒན་ལ་ཕན་ཐོགས་པའི་བྱ་བ་དང་བྱ་བ་དངོས་བསྒྲུབས་ནས་སྤྱི་ཚོགས་ཡོངས་སུ་དགེ་རྒན་ལ་གུས་བཀུར་དང་སློབ་གསོར་མཐོང་ཆེན་བྱེད་པའི་རྣམ་པ་བཟང་པོ་ཧུར་ཐག་བཏོད་ཡོད་ཅེས་བརྗོད།