དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཐན་ཙན་ནི་ཡའི་ཙན་ཅི་པར་གྱི་ཙུང་ཐུང་གིས་ཙན་ཅི་པར་ལ་རོགས་སྐྱོར་བྱེད་མཁན་ཀྲུང་གོའི་སྨན་བཅོས་རུ་ཁག་ལ་བྱས་རྗེས་རྟགས་མ་གནང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-08-29

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཏ་རེ་སི་ས་ལམ་ནས་ཟླ་8ཚེས་26ཉིན་གློག་འཕྲིན་འབྱོར་གསལ། ཚེས་26ཉིན་ཐན་ཙན་ནི་ཡའི་ཙན་ཅི་པར་གྱི་ཙུང་ཐུང་མུའུ་ཝེ་ཉིས་ཙན་ཅི་པར་གྱི་ཙུང་ཐུང་ལས་ཤག་ཏུ་དུས་ཐེངས་སོ་གསུམ་པའི་ཙན་ཅི་པར་ལ་རོགས་སྐྱོར་བྱེད་མཁན་ཀྲུང་གོའི་སྨན་བཅོས་རུ་ཁག་ལ་མཇལ་འཕྲད་གནང་སྟེ། རུ་མི་ཡོངས་ལ་བྱས་རྗེས་རྟགས་མ་དང་། གཟེངས་རྟགས། དྲན་གསོའི་ལག་ཁྱེར་བཅས་གནང་ནས་ཁོང་ཚོས་ཙན་ཅི་པར་གྱི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་ལ་ལེགས་སྐྱེས་ཕུལ་བར་གཟེངས་བསྟོད་གནང་བ་རེད།

    མུའུ་ཝེ་ཉིས་བྱས་རྗེས་རྟགས་མ་གནང་བའི་མཛད་སྒོའི་ཐོག་འདས་ཟིན་པའི་ལོ་ངོ་60ཡི་རིང་ཀྲུང་གོ་སྲིད་གཞུང་གིས་ཙན་ཅི་པར་གྱི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་ལ་ཁྱད་དུ་འཕགས་པའི་ལེགས་སྐྱེས་ཕུལ་བར་ཐུགས་རྗེ་ཆེ་ཞུས་པ་མ་ཟད། ཀྲུང་གོའི་སྨན་བཅོས་རུ་ཁག་གིས་དཀའ་སྤྱད་ལས་སྒྲུབ་དང་སྒེར་སེམས་མེད་པའི་ལེགས་སྐྱེས་ཕུལ་བར་ཚད་མཐོའི་བསྔགས་བརྗོད་ཀྱང་གནང་བ་རེད། ཁོང་གིས། ཀྲུང་གོའི་སྨན་བཅོས་རུ་ཁག་གིས་སྔོན་ཐོན་གྱི་སྨན་བཅོས་ལག་རྩལ་ལ་བརྟེན་ནས་ཡུལ་འདི་གའི་ནད་པར་སྨན་བཅོས་བྱས་པ་མ་ཟད། ཡུལ་འདིའི་གསོ་རིག་སློབ་མ་དང་སྨན་པར་རང་འགུལ་ངང་གསོ་སྦྱོང་བྱས་ནས་ཙན་ཅི་པར་གྱི་གསོ་རིག་བྱ་གཞག་འཕེལ་རྒྱས་ཡོང་བར་ཤེས་ལྡན་པ་གྲབས་གསོག་ཀྱང་བྱས་ཡོད་ཅེས་བརྗོད།

    དུས་ཐེངས་སོ་གསུམ་པའི་ཙན་ཅི་པར་ལ་རོགས་སྐྱོར་བྱེད་མཁན་སྨན་བཅོས་རུ་ཁག་གི་རུ་དཔོན་ཅང་གོ་ཆིང་གིས། ཀྲུང་གོའི་སྨན་བཅོས་རུ་ཁག་གིས་ཙན་ཅི་པར་དང་མཉམ་དུ་འཕྲོད་བསྟེན་མཉམ་ལས་དང་སྤེལ་རེས་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ནས་ཡུལ་མི་རྣམས་ལ་སྤུས་ལེགས་ཀྱི་སྨན་བཅོས་ཞབས་འདེགས་ཞུས་ཏེ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཛའ་གྲོགས་ལ་སྟོབས་ཤུགས་དེ་བས་ཆེ་བ་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བཤད།

    ཤེས་རྟོགས་བྱུང་བ་ལྟར་ན། དུས་ཐེངས་སོ་གསུམ་པའི་ཙན་ཅི་པར་ལ་རོགས་སྐྱོར་བྱེད་མཁན་ཀྲུང་གོའི་སྨན་བཅོས་རུ་ཁག་ན་ནིང་ཟླ་9པར་ཙན་ཅི་པར་ལ་འབྱོར་ཚུན། རིམ་རྩིས་བརྒྱབ་ན་སྒོ་བསྟེན་སྨན་ཁང་གི་ནད་པ་མི་ཐེངས་ཁྲི་4ཙམ་ལ་སྨན་བཅོས་བྱས་པ་དང་འོས་འགན་སྨན་བཅོས་བྱེད་སྒོ་ཆེ་གྲས་ཐེངས་20སྤེལ་བ་རེད། སྨན་བཅོས་རུ་ཁག་གིས་དུས་ཡུན་ལོ་གཅིག་གི་ཕྱི་ཕྱོགས་རོགས་སྐྱོར་བྱེད་པའི་ལས་དོན་འགྲུབ་ལ་ཉེ་བ་དང་ཉེ་དུས་རྒྱལ་ནང་དུ་ལོག་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།