དབུ་ཤོག>གསར་འགྱུར།>བོད་སྐྱོར།
  • བོད་སྐྱོར་བགྲང་བྱ་སུམ་ཅུ་འདས། བརྩེ་བ་ཟབ་མོ་ས་མཐོར་བཅངས།

    སློབ་གསོའི་ལེའུ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-08-29

    འདི་ནི་ལྷ་ས་ཚོད་ལྟའི་སློབ་འབྲིང་གི་སློབ་མས་སློབ་གསེང་དུ་ལུས་རྩལ་རྩེད་བཞིན་པ།

    འདི་ནི་བོད་ལྗོངས་དང་ཁྲུང་ཆིང་ས་གནས་གཉིས་ཀྱི་སློབ་མ་ལག་གདང་སྦྲེལ་ནས་ཁྲོམ་གཞུང་དུ་སྐྱོད་བཞིན་པ།

    འདི་ནི་བོད་སྐྱོར་དགེ་རྒན་གྱིས་ལྷ་ས་སློབ་འབྲིང་དང་པོར་སློབ་མར་སློབ་ཚན་ཁྲིད་བཞིན་པ།

    འདི་ནི་ཆབ་མདོ་གྲོང་ཁྱེར་དཔལ་འབར་རྫོང་སློབ་ཆུང་དང་པོའི་སློབ་མས་སློབ་གསེང་རིང་རྩེད་འཇོར་རོལ་བཞིན་པ།

    འདི་ནི་ནག་ཆུ་གྲོང་ཁྱེར་དཔལ་མགོན་རྫོང་ཀྲུང་གོ་རྡོ་སྣུམ་རྫས་འགྱུར་བཟོ་ལས་སློབ་ཆུང་གི་སློབ་མ་ཞིག་གིས་སློབ་གྲོགས་ཚོར་དགུང་ཟས་བླུག་བཞིན་པ།

    འདི་ནི་ཆབ་མདོ་གྲོང་ཁྱེར་རི་བོ་ཆེ་རྫོང་གི་ཁྲུང་ཆིང་སྐད་གཉིས་བུ་བཅོལ་ཁང་ཡིན་པ།

    འདི་ནི་དགུན་སྒར་གྱི་ཞིབ་འཇུག་སློབ་སྦྱོང་གི་སྤེལ་རེས་བྱེད་སྒོར་ཞུགས་མཁན་སྤོ་བོ་རྫོང་གི་ལོ་ཆུང་གདོང་ལེན་རུ་ཁག་གི་རུ་མིས་ཀོང་ཀྲོའུ་མཐོ་ལྕོག་ནས་རྒྱང་ཤེལ་སྤྱད་དེ་ཀོང་ཀྲོའུ་གྲོང་ཁྱེར་གྱི་མཚན་ལྗོངས་ལ་ལྟ་བཞིན་པ།

    བོད་སྐྱོར་ལས་བྱེད་པའི་ཕན་འབྲས་དེ་བས་ལེགས་པའི་སྒོ་ནས་འདོན་སྤེལ་བྱ་ཆེད། 2016ལོར་སློབ་གསོ་པུའུ་སོགས་པུའུ་ཨུད་ཀྱིས་སློབ་གསོའི་ཤེས་ལྡན་པའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལས་དོན་ལག་བསྟར་བྱས་པ་དང་། ཁ་གཏད་རོགས་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་17གྱིས་དགེ་རྒན་མི་ཐེངས་2100ལྷག་ཙམ་བོད་ཀྱི་སློབ་གྲྭ་འབྲིང་ཆུང་21ལ་ཁ་གཏད་རོགས་སྐྱོར་ལ་བཏང་བ་རེད། “ཚོགས་སྒྲིག་རྣམ་པའི”སློབ་གསོའི་ཤེས་ལྡན་པའི་བོད་སྐྱོར་ལས་དོན་སྤེལ་བ་ནས་ད་བར་བོད་ཀྱི་སློབ་གྲྭ་འབྲིང་ཆུང་གི་སློབ་ཚན་སློབ་ཁྲིད་དང་། དོ་དམ་བྱ་ཐབས། སློབ་གསོའི་ལྟ་བ་བཅས་ལ་འགྱུར་ལྡོག་ཆེན་པོ་ཕྱིན་པ་མ་ཟད། སློབ་མའི་ཕྱོགས་བསྡུས་བྱང་ཚད་ཀྱང་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད།

    བོད་སྐྱོར་དགེ་རྒན་གྲངས་ལས་འདས་པ་གངས་ལྗོངས་ས་མཐོར་ཡོང་ནས་བོད་ཀྱི་དགེ་སློབ་དང་མཉམ་དུ་འབད་བརྩོན་གྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་བཙུགས་ཏེ་ས་གནས་གཉིས་ཀྱི་དགེ་སློབ་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་བཏང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།