དབུ་ཤོག>གསར་འགྱུར།>བོད་སྐྱོར།
  • ལོ་8རིང“ཚོགས་སྒྲིག་རྣམ་པའི”སློབ་གསོའི་བོད་སྐྱོར་ཤེས་ལྡན་པ་མི་ཐེངས་2100ལྷག་ཙམ་བོད་དུ་ཁ་གཏད་རོགས་སྐྱོར་བྱེད་པར་ཡོང་བ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-08-29

    ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། གསར་འགོད་པས་ལྷ་སར་འཚོགས་པའི“ལོ་30རིང་བོད་སྐྱོར་ལས་དོན་སྤེལ་ཚུལ”གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ཤེས་རྟོགས་བྱུང་བར། 2016ལོར“ཚོགས་སྒྲིག་རྣམ་པའི”སློབ་གསོའི་བོད་སྐྱོར་བྱེད་འགོ་ཚུགས་ཚུན་ཁ་གཏད་རོགས་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་17གྱིས་རིམ་རྩིས་བརྒྱབ་ན། སློབ་གསོའི་བོད་སྐྱོར་ཤེས་ལྡན་པ་མི་ཐེངས་2100ལྷག་ཙམ་ཚོགས་སྒྲིག་རྣམ་པའི་ཐོག་ནས་བོད་ཀྱི་སློབ་གྲྭ་འབྲིང་ཆུང་21ལ་ཁ་གཏད་རོགས་སྐྱོར་བྱེད་པར་མངགས་པ་རེད།

    བོད་རང་སྐྱོང་ལྗོངས་སློབ་གསོ་ཐིང་གི་ཏང་ཙུའི་ཁོངས་མི་ཚའེ་ཧྲོའུ་ཁོན་གྱིས་རོགས་སྐྱོར་ཐོབ་པའི་སློབ་གྲྭ་ཁག་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ་བརྗོད་དོན་གཙོ་བོར་བྱས་པའི་སློབ་གྲྭའི་རིག་གནས་ཧུར་ཐག་བཏོད་པ་དང་སློབ་ཁྲིད་བྱེད་སྟངས་དེ“སྤུས་ལེགས་སློབ་ཁང”ནས“ཟབ་ནན་སློབ་ཁང”དུ་བསྒྱུར་བར་སྐུལ་འདེད་གཏོང་རྒྱུའི་འཚོལ་ཞིབ་བྱས་པ་མ་ཟད། སློབ་ཁྲིད་བྱེད་སྟངས་ཁག་200ལྷག་ཙམ་ལེགས་སུའང་བཏང་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔའི་བར་སློབ་གསོ་ཤེས་ལྡན་པའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་གྱིས་ས་གནས་དེ་གའི་དགེ་རྒན་2500ལྷག་ཙམ་དང་ཚོགས་པ་150ལྷག་ཙམ་ལ་རོགས་ཁྲིད་བྱས་ཡོད་པ་རེད། དུས་མཚུངས་སུ་ཁག་ཐེངས་བརྒྱད་ཀྱི་བོད་ཀྱི་རྐང་འཛིན་དགེ་རྒན་དང་རིག་ཚན་སྣེ་ཁྲིད་པ་ཁྱོན་2400ལྷག་ཙམ་ཁ་གཏད་རོགས་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་དུ་དུས་ཡུན་ལོ་གཅིག་གི་ལས་གནས་གསོ་སྦྱོང་བྱེད་པར་མངགས་ནས། “ནང་དུ་གདན་འདྲེན་པ”དང“ཕྱིར་བསྐྱོད་པ”གཉིས་ཀར་འབད་བརྩོན་བྱ་རྒྱུ་མཐའ་འཁྱོངས་བྱས་པ་རེད།

    བོད་རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུའི་པུའུ་ཀྲང་གཞོན་པ་དང་ཁག་བཅུ་པའི་བོད་སྐྱོར་ལས་བྱེད་ཤེས་ལྡན་པའི་སྤྱི་ཁྱབ་རུ་སྣེ་ཁྲིད་མཁན་སུང་ལི་ཆང་གིས། རོགས་སྐྱོར་ཐོབ་མཁན་སློབ་གྲྭ་21གི་སློབ་གསོའི་སྤུས་ཚད་ལོ་རེ་བཞིན་ལེགས་སུ་འགྲོ་བཞིན་ཡོད་པ་དང་ལྗོངས་ཡོངས་ཀྱི་མདུན་གྲལ་དུ་མུ་མཐུད་སྐྱོད་བཞིན་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།