དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཁེར་རྐྱང་བཟོ་ཚོང་དུད་ཚང་དུང་ཕྱུར་1.25ཟིན་པ།

    གཉེར་སྐྱོང་བྱེད་པོའི་བསྡོམས་འབོར་གྱི་66.9%བཟུང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-08-28

    ཉེ་ཆར། རྒྱལ་ཁབ་ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱིས་ཡོངས་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། འདི་ལོའི་ཟླ་6པའི་ཟླ་མཇུག་བར། རྒྱལ་ཡོངས་སུ་ཐོ་འགོད་བྱས་པའི་ཁེར་རྐྱང་བཟོ་ཚོང་དུད་ཚང་དུང་ཕྱུར་1.25ཟིན་པ་དེས་གཉེར་སྐྱོང་བྱེད་པོའི་བསྡོམས་འབོར་གྱི་66.9%བཟུང་ཡོད། གྲངས་འབོར་མང་ཞིང་ཁྱབ་རྒྱ་ཆེ་བའི་ཁེར་རྐྱང་བཟོ་ཚོང་དུད་ཚང་གིས་ལས་ཞུགས་བརྟན་པོ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་དམངས་འཚོར་ཕན་འདོགས་པ་སོགས་ཀྱི་ཐད་དགེ་མཚན་ལྡན་པའི་ནུས་པ་བཏོན་ཡོད། ཁྲོམ་ར་ལྟ་འདོམས་སྡེ་ཚན་གྱིས་ཁེར་རྐྱང་བཟོ་ཚོང་དུད་ཚང་གི་ནང་སྐྱེས་སྒུལ་ཤུགས་དང་གསར་གཏོད་གསོན་ཤུགས་སྔར་བས་ཆེ་རུ་བཏང་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱེད་རྒྱུ་རེད།

    ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱིས《ཁེར་རྐྱང་བཟོ་ཚོང་དུད་ཚང་གི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཐོ་འགོད་དོ་དམ་ཚད་ལྡན་དུ་གཏོང་བའི་གཏན་འབེབས》ཞིབ་འཇུག་དང་བཟོས་ནས“ཁེར་རྐྱང་བཟོ་ཚོང་དུད་ཚང་ཁེ་ལས་སུ་སྒྱུར་བའི”ཐོ་འགོད་དང་གཉེར་སྐྱོང་དབང་ཆ་རྒྱུན་འཛིན་སོགས་ཀྱི་གཙོ་གནད་དང་དཀའ་གནད་ཀྱི་གནད་དོན་ཐག་གཅོད་བྱས་ཏེ་ཁེར་རྐྱང་བཟོ་ཚོང་དུད་ཚང་གི་ཡུན་རིང་འཕེལ་རྒྱས་ལ་རྒྱབ་སྐྱོར་དེ་བས་ལེགས་པ་བྱེད་བཞིན་ཡོད། (པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད) འདི་ལོའི་ལོ་མཇུག་ཏུ། ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱིས་རིགས་དབྱེའི་གྲངས་གཞི་བསྡུ་སྒྲིལ་བྱས་ནས་རྒྱལ་ཡོངས་ཀྱི“ཁེར་རྐྱང་བཟོ་ཚོང་དུད་ཚང་གི་མིང་གཞུང”བཟོ་རྒྱུ་རེད། དེ་དང་དུས་མཚུངས་ས་གནས་ཁག་གིས“འཚོ་གནས་རྣམ་པ”དང་། “འཚར་ལོངས་རྣམ་པ” “འཕེལ་རྒྱས་རྣམ་པ”བཅས་ཀྱི་ཁེར་རྐྱང་བཟོ་ཚོང་དུད་ཚང་ལ་ཁྱད་པར་ཅན་གྱི་རོགས་སྐྱོར་བྱ་ཐབས་སྤྱོད་པར་མུ་མཐུད་མཛུབ་ཁྲིད་བྱེད་པ་དང་། སྡེ་ཚན་མང་པོ་དང་མཉམ་དུ“རྒྱལ་ཡོངས་ཀྱི་ཁེར་རྐྱང་བཟོ་ཚོང་དུད་ཚང་གི་ཞབས་ཞུའི་ཟླ་བའི”བྱེད་སྒོ་མུ་མཐུད་སྤེལ་བ། “རྒྱལ་ཡོངས་ཀྱི་ཁེར་རྐྱང་བཟོ་ཚོང་དུད་ཚང་འཕེལ་རྒྱས་དྲ་བར”བརྟེན་ནས་ཁེར་རྐྱང་བཟོ་ཚོང་དུད་ཚང་ལ་སྣ་མང་ཅན་གྱི་ཞབས་འདེགས་ཞུ་བ་བཅས་བྱེད་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།