པོ་ཧའེ་རྒྱ་མཚོའི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་སྟོང་ཟིན་པའི་རླངས་ཞིང་ཆེན་པོ་ཐོག་མ་ནས་རིམ་རྩིས་བྱས་ན་རང་བྱུང་སོལ་རླངས་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་10ལྷག་ཙམ་ཐོན་སྐྱེད་བྱས་པ།
འདི་ནི་པོ་ཀྲུང་རླངས་ཞིང་19—6ཏུ་ཁྲོན་པ་འདྲུ་བཞིན་པ། ཀྲུང་གོ་མཚོ་སྣུམ་གྱིས་མཁོ་འདོན་བྱས།
གསར་འགོད་པས་ཀྲུང་གོ་མཚོ་སྣུམ་ཀུང་སི་ནས་ཤེས་རྟོགས་བྱས་པར། རང་རྒྱལ་གྱི་པོ་ཧའེ་རྒྱ་མཚོའི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་སྟོང་ཟིན་པའི་རླངས་ཞིང་ཆེན་པོ་ཐོག་མ་སྟེ། པོ་ཀྲུང་རླངས་ཞིང་19—6ནས་རིམ་རྩིས་བྱས་ན་རང་བྱུང་སོལ་རླངས་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་10ལྷག་ཙམ་ཐོན་སྐྱེད་བྱེད་ཀྱི་ཡོད་པ་རེད།
པོ་ཀྲུང་རླངས་ཞིང་19-6ནི་པོ་ཧའེ་རྒྱ་མཚོའི་དབུས་རྒྱུད་མཚོ་ཁོངས་སུ་གནས་ཤིང་། ས་ཁོངས་ཀྱི་ཆ་སྙོམས་ཆུའི་གཏིང་ཚད་ལ་སྨི་20ཙམ་ཡོད་པ་དེ་ནི་རང་རྒྱལ་ཤར་རྒྱུད་ཀྱི་ཆ་ཚང་སྒྲིག་སྦྱོར་བྱས་པའི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་སྟོང་གི་རླངས་ཞིང་ཆེ་གྲས་དང་པོ་དེ་ཡིན་པ་རེད། མིག་སྔར་མཚོ་ཐོག་སྣུམ་རླངས་ལས་སྟེགས་6བསྐྲུན་ཟིན་ནས་ཉིན་རེར་རང་བྱུང་སོལ་རླངས་སྨི་རྒྱ་དཔངས་གྲུ་བཞི་ཁྲི་240ཐོན་སྐྱེད་བྱེད་ཀྱི་ཡོད། རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་བརྟན་པོ་བཏང་བ་བརྒྱུད་ཚན་ཞིབ་མི་སྣས་རླངས་ཞིང་གི་གསོག་འཇོག་བང་རིམ་ཁྱབ་ཚུལ་གྱི་ཆོས་ཉིད་དང་སྣུམ་མཛོད་ས་གཤིས་ཀྱི་ཁྱད་ཆོས་ལ་ངོས་འཛིན་སྔར་བས་གཏིང་ཟབ་ཏུ་ཕྱིན་ཡོད་པ་རེད།