དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཡུན་ནན་ཞིང་ཆེན་ཀྲའོ་ཐུང་གྲོང་ཁྱེར་གྱིས་སྤྱི་ཚོགས་ནས་དང་བླངས་པ་1400བསྡུས་ཏེ་དབྱར་གསེང་རིང་ཕྲུ་གུ་ཁྲི་གཅིག་ཙམ་སྤྱི་ཕན་ཚབ་ཉར་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཀྲང་ཁྲེས།   |     སྤེལ་དུས།  2024-08-28

    དབྱར་ཁའི་གུང་གསེང་རིང་ཞོགས་པའི་ཆུ་ཚོད་9པ་མ་ཟིན་གོང་ཡུན་ནན་ཞིང་ཆེན་ཀྲའོ་ཐུང་གྲོང་ཁྱེར་ལུའུ་ཏན་རྫོང་ཧོ་ཏེ་ཧུང་གྲོང་རྡལ་ལྟེ་བའི་སློབ་ཆུང་གི་སློབ་མ་དབྱང་ཅུན་ཅེ་དང་དབྱང་ཙི་ཞོན་སློབ་གྲྭར་འབྱོར་ནས་དགའ་དགའ་སྤྲོ་སྤྲོའི་ངང་ཚན་རིག་ཚོད་ལྟ་བྱེད་འགོ་ཚུགས།

    ཀྲའོ་ཐུང་ནི་ཝུའུ་མོང་ཧྲན་རི་ཁུལ་དུ་གནས་པ་དང་ངལ་ལས་ཕྱིར་གཏོང་གི་གྲོང་ཁྱེར་ཆེན་པོ་ཞིག་རེད། ཟླ་བ་7པ་ནས་བཟུང་ཀྲའོ་ཐུང་གྲོང་ཁྱེར་གྱིས་སློབ་གྲྭ་88དང་གྲོང་ཚོ(སྡེ་ཁུལ)288ཀྱི་བྱིས་པའི་ཁྱིམ་གཞིས་གཅིག་གྱུར་ཐོག་སྒོ་ཕྱེ་ནས་དབྱར་ཁའི་གུང་གསེང་རིང་སྤྱི་ཕན་གཅིག་སྡུད་ཚབ་ཉར་ཞབས་འདེགས་ཞུ་འགོ་ཚུགས་པ་རེད།

    རོལ་དབྱངས་ཞབས་བྲོ་དང་། སྙན་ངག་གྱེར་འདོན། བདེ་འཇགས་སློབ་གསོ་སོགས་ཀྲའོ་ཐུང་གི་རྫོང་དང་ཆུས་ཁག་ཏུ་ཕུན་སུམ་ཚོགས་པའི་སློབ་ཚན་འཚོགས་པ་རེད། སུའེ་ཅང་རྫོང་ཧུའེ་དབྱི་གྲོང་རྡལ་དུ་དང་བླངས་པས་གླུ་དབྱངས་ཀྱི་འགྱུར་ཁུག་ཁྲོད་གྲོགས་པོ་ཆུང་ཆུང་ཚོར་གསར་བརྗེའི་སྔོན་གཤེགས་དཔའ་བོའི་དཔའ་ངར་ཆེ་བའི་མཛད་རྗེས་བརྗོད་དེ་རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་སྐྱེད་སྲིང་བྱས་པ་དང་། ཝུའེ་ཤིན་རྫོང་ཁྲང་ཨན་གྲོང་རྡལ་ཁྲང་ཨན་སྡེ་ཁུལ་གྱི་ཚབ་ཉར་ས་ཚིགས་སུ་ཕྲུ་གུ་ཚོས་ནང་ལས་སྦྱངས་ནས་རང་རྐྱ་འཕེར་བར་བྱས་པ། ཏ་ཀོན་རྫོང་ཅིང་ཨན་གྱི་ཡུལ་གཞན་དུ་གནས་སྤོས་བཀོད་སྒྲིག་ཁུལ་དུ་ཕྲུ་གུ་106གིས་དང་བླངས་པའི་སྣེ་ཁྲིད་འོག་ངོ་མཚར་ཆེ་བའི་ཚན་རིག་ཚོད་ལྟ་བྱས་ནས་སེམས་ནང་ཚན་རིག་གི་ས་བོན་བཏབ་པ་སོགས།

    ཀྲའོ་ཐུང་གྲོང་ཁྱེར་གྱི་རིམ་ཁག་གུང་གཞོན་སྡེ་ཚོགས་རྩ་འཛུགས་ཀྱིས་རྣམ་པ་སྣ་ཚོགས་ཀྱི་ཐོག་ནས་དྲིལ་བསྒྲགས་དང་སྐུལ་སློང་བྱས་ཏེ་སྤྱི་ཚོགས་ནས་དང་བླངས་པ་1400ཡོངས་བསྒྲགས་ངང་བསྡུས་པ་རེད། ཀྲའོ་ཐུང་གྲོང་ཁྱེར་སློབ་གསོ་ལུས་རྩལ་ཅུས་དང་དམངས་སྲིད་ཅུས་ཀྱིས་སྣེ་ཁྲིད་པ་དང་སྡེ་ཚན་མང་པོས་མཐུན་སྦྱོར་གཞོགས་འདེགས་བྱས་ནས་ཕྲུ་གུ་ཁྲི་གཅིག་ཙམ་ལ་རྒྱ་ཆེ་ལ་བདེ་འཇགས་ལྡན་པའི་ཁུལ་དུ་ཕ་ཡུལ་ལ་ལོག་པའི་སློབ་ཆེན་སློབ་མ་དང་དགེ་རྒན་ལས་བཟོ་སོགས་དང་བླངས་པས་ཕྲུ་གུ་ཚབ་ཉར་གྱི་ཞབས་འདེགས་ཞུས་པ་རེད།

    གུང་གཞོན་སྡེ་ཚོགས་ཀྲའོ་ཐུང་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ལི་ཐིང་ཐིང་གིས་ཚབ་ཉར་ཞབས་ཞུའི་ནང་དོན་བཀོད་སྒྲིག་ལུགས་མཐུན་བྱས་པ་ཕུད། ཀྲའོ་ཐུང་གིས་ད་དུང་བདེ་འཇགས་དོ་དམ་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་སྐྱེལ་བསུ་དང་སློབ་གྲྭའི་བདེ་འཇགས་སྲུང་སྐྱོང་སོགས་ཀྱི་ལམ་ལུགས་ལག་བསྟར་བྱས་ཡོད། དེ་དང་ཆབས་ཅིག་དང་བླངས་པའི་འཚོ་བ་དང་། འགྲིམ་འགྲུལ། བདེ་འཇགས་བཅས་ཀྱི་ཆ་རྐྱེན་འགན་ལེན་ཡག་པོ་བྱས་ནས་དང་བླངས་ཞབས་ཞུའི་ལག་ཁྱེར་སྤྲད་དེ་དང་བླངས་པར་བདེ་འཇགས་ཚོར་སྣང་དང་གཟི་བརྗིད་ཚོར་སྣང་ལྡན་པར་བྱས་ཡོད་ཅེས་ངོ་སྤྲོད་བྱས།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།