དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • སི་ཁྲོན་གྱིས་ཐོན་ཁུངས་ནུས་རྒྱུའི་མ་འཇོག་ཁྲིད་སྟོན་ཐེབས་རྩ་བཙུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-08-28

    ཉེ་ཆར་སི་ཁྲོན་ཞིང་ཆེན་སྲིད་གཞུང་གི་ཐོན་ལས་མ་འཇོག་ཁྲིད་སྟོན་ཐེབས་རྩའི་ཡོངས་བསྒྲགས་ཚོགས་འདུ་ཁྲེང་ཏུའུ་གྲོང་ཁྱེར་དུ་འཚོགས་པ་དང་སི་ཁྲོན་ཞིང་ཆེན་གྱི་ཐོན་ཁུངས་ནུས་རྒྱུའི་མ་འཇོག་ཁྲིད་སྟོན་ཐེབས་རྩ(གཤམ་དུ“ཐོན་ཁུངས་ནུས་རྒྱུའི་ཐེབས་རྩ”ཞེས་བསྡུ་རྒྱུ)ཕྱོགས་བསྡུས་རིགས་ཀྱི་ཐེབས་རྩ་ཁག་དང་པོར་བརྩི་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། ཐོན་ཁུངས་ནུས་རྒྱུའི་ཐེབས་རྩས་གཏེར་ཁའི་ཐོན་ཁུངས་རྩད་ཞིབ་གསར་སྤེལ་གྱི་འབྲེལ་ཐག་ཁྲོད་སྤྱི་ཚོགས་ཀྱིས་བཏང་བའི་མ་དངུལ་མ་འདང་བའི་རྩད་ཞིབ་དུས་མཚམས་ལ་དམིགས་ཏེ་གཙོ་བོ་སི་ཁྲོན་ཞིང་ཆེན་གྱི་སྟོད་རྒྱུད་ཀྱི་ལེགས་ཆ་ལྡན་པའམ་ཡང་ན་མངོན་མེད་སྟོབས་ཤུགས་སྔོག་འདོན་མི་འདང་བའི་འཐབ་ཇུས་རང་བཞིན་གྱི་གཏེར་ཁའི་ཐོན་ཁུངས་ལ་མ་དངུལ་གཏོང་རྒྱུ་ཡིན་པ་རེད། ཐེབས་རྩའི་གཞི་ཁྱོན་སྒོར་དུང་ཕྱུར་50ཟིན་པ་དང་ཡན་ལག་ཐེབས་རྩ་བཙུགས་ནས་གཞི་ཁྱོན་ཆེ་རུ་གཏོང་བའི་བྱ་ཐབས་བརྒྱུད། སྔོན་དཔག་བྱས་ན་ཐེབས་རྩའི་ཚོགས་པའི་གཞི་ཁྱོན་སྒོར་དུང་ཕྱུར་130ཟིན་རྒྱུ་ཡིན་པ་རེད། ཐོན་ཁུངས་དང་ནུས་རྒྱུའི་ཐོན་ལས་ཀྱི་མ་འཇོག་གི་ཁྱད་ཆོས་ལ་གཞིགས་ན། ཐེབས་རྩ་རྒྱུན་མཐུད་ཀྱི་དུས་ཡུན་ལོ་10ཡིན་པ་དང་ལོ་གཉིས་རིང་དུ་གཏོང་ཆོག་གི་ཡོད།

    ཐོན་ཁུངས་དང་ནུས་རྒྱུའི་ཐེབས་རྩ་བཙུགས་པ་དེས་སི་ཁྲོན་ཞིང་ཆེན་གྱི་ཐོན་ཁུངས་དང་ནུས་རྒྱུའི་ཐོན་ལས་ཀྱི་མ་འཇོག་ལས་སྟེགས་བསྡུ་སྒྲིལ་ནུས་ལྡན་བྱས་ནས་ཐོན་ལས་སྦྲེལ་ཐག་གི་མ་འཇོག་བཀག་རྒྱ་སེལ་བ་དང་། མ་འཇོག་གི་བར་མཐོངས་ཆེ་རུ་གཏོང་བ། སྤྱི་ཚོགས་ཀྱི་མ་རྩ་དེ་བས་མང་བ་གཏེར་ཁའི་ཐོན་ཁུངས་རྩད་ཞིབ་ནང་འཇོག་རྒྱུར་སྐུལ་ཁྲིད་བཅས་བྱས་ཏེ་སི་ཁྲོན་ཞིང་ཆེན་གྱི་འཐབ་ཇུས་རང་བཞིན་གྱི་གཏེར་ཁའི་ཐོན་ཁུངས་མཁོ་སྤྲོད་འགན་ལེན་ནུས་པ་སྔར་བས་ཆེ་རུ་གཏོང་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།