དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ་དང་ཧུང་ཏུ་ར་སིའི་ཁེ་ལས་ཚོང་དོན་འབྲེལ་སྦྱོར་ཚོགས་འདུས་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཚོང་དོན་མཉམ་ལས་ལ་རམ་འདེགས་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-08-28

    ཉེ་ཆར། ཧུང་ཏུ་ར་སིའི་རྒྱལ་ས་ཐེ་ཀུ་ཞི་ཀར་ཕ་རུ“ཀྲུང་གོ་དང་ཧུང་ཏུ་ར་སིའི་ཁེ་ལས་ཚོང་དོན་འབྲེལ་སྦྱོར་ཚོགས་འདུ་དང་གན་རྒྱ་འཇོག་པའི་མཛད་སྒོ”གཉེར་ཞིང་། ཀྲུང་ཧུང་རྒྱལ་ཁབ་གཉིས་ཀྱི་ཁེ་ལས་ཀྱིས་འབྲེལ་སྦྱོར་ཚོགས་འདུའི་ཐོག་ཚོང་དོན་གྲོས་མཐུན་མང་པོ་ཞིག་ལ་མིང་རྟགས་བཀོད་པ་དང་གན་རྒྱའི་བསྡོམས་འབོར་ཨ་སྒོར་ཁྲི་1800ཟིན་ཡོད་པ་རེད།

    བྱེད་སྒོའི་ནང་ཧུང་ཏུ་ར་སིའི་དཔལ་འབྱོར་འཕེལ་རྒྱས་པུའི་པུའུ་ཀྲང་སའེ་ལ་ཐུའོ་ཡིས། ཧུང་ཀྲུང་དབར་ཕྱི་འབྲེལ་བཙུགས་ཚུན་རྒྱལ་ཁབ་གཉིས་ཀྱི་ཚོང་དོན་མགྱོགས་མྱུར་འཕེལ་རྒྱས་སོང་བ་དང་། ཧུང་ཏུ་ར་སིའི་ཀོག་ཧྥེ་སོགས་ཁྱད་ལྡན་ཐོན་རྫས་ཀྲུང་གོར་ཕྱིར་གཏོང་བྱེད་པར་མི་མངོན་པའི་སྟོབས་ཤུགས་ཆེན་པོ་ལྡན་ཡོད། ཧུང་ཏུ་ར་སི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་སྤེལ་རེས་མཉམ་ལས་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ནས་ཕྱོགས་གཉིས་ཀྱི་རང་མོས་ཚོང་དོན་ཆོད་ཡིག་གི་གྲོས་མོལ་ལ་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་གཉིས་ཀྱི་ཁེ་ལས་ལ་མཉམ་ལས་ཀྱི་གྲུབ་འབྲས་དེ་བས་མང་བ་འཐོབ་རྒྱུར་སྐུལ་མ་གཏོང་རྒྱུ་ཡིན་ཞེས་བརྗོད་པ་རེད།

    ཀྲུང་གོ་ཚོང་དོན་པུའུ་ཕྱི་ཕྱོགས་ཚོང་དོན་སིའི་སི་ཀྲང་ལི་ཞིང་ཆན་གྱིས། ཧུང་ཏུ་ར་སིའི་ཁེ་ལས་ཀྲུང་གོར་ཡོང་ནས་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་བདུན་པར་ཞུགས་ཏེ་ཀྲུང་གོའི་ཁྲོམ་ར་རྒྱུན་ཆད་མེད་པར་རྒྱ་སྐྱེད་བཏང་ནས་གཉིས་ཁེ་གཉིས་ཕན་མངོན་འགྱུར་ཡོང་བ་བྱ་རྒྱུར་ཀྲུང་གོ་ཕྱོགས་ཀྱིས་དགའ་བསུ་ཞུ་རྒྱུ་ཡིན་ཞེས་བརྗོད་པ་རེད།

    འབྲེལ་སྦྱོར་ཚོགས་འདུའི་ཐོག་ཀྲུང་གོ་དང་ཧུང་ཏུ་ར་སི་རྒྱལ་ཁབ་གཉིས་ཀྱི་ཁེ་ལས་མཁས་ཅན་དང་འཐུས་མི་100ཙམ་བྱེད་སྒོར་ཞུགས་པ་དང་འབྲེལ་གྲོས་མོལ་ཡང་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།