ཀྲུང་གོ་དང་། ལོ་སི། འབར་མ། ཐེ་ལན་བཅས་ཀྱི་མེ་ཀུང་གཙང་པོའི་མཉམ་འབྲེལ་སྐོར་གཡེང་ཁྲིམས་སྒྱུར་བྱ་སྤྱོད་ཐེངས་144པ་ཕུན་སུམ་ཚོགས་པོའི་ངང་མཇུག་འགྲིལ་བ།
ཤིན་ཧྭ་གསར་འགྱུར་ཁང་ཁུན་མིང་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པས་ཡུན་ནན་ཞིང་ཆེན་སྤྱི་བདེ་ཐིང་གསར་འགྱུར་གཞུང་དོན་ཁང་ནས་ཤེས་རྟོགས་བྱས་པར། ཚེས་22ཉིན་གྱི་ཆུ་ཚོད་10དང་སྐར་མ་30ཡི་ཐོག་ཀྲུང་གོ་ཕྱོགས་ཀྱི་སྐོར་གཡེང་ནང་ཞུགས་པའི་ཁྲིམས་སྒྱུར་གྲུ་གཟིངས་ཡུན་ནན་ཞིང་ཆེན་ཤིས་ཧྲོང་པན་ན་ཏའེ་རིགས་རང་སྐྱོང་ཀྲོའུ་ཅིང་ཧ་གྲུ་ཁར་འབྱོར་བ་དང་བསྟུན་ནས་ཀྲུང་གོ་དང་། ལོ་སི། འབར་མ། ཐེ་ལན་བཅས་ཀྱི་མེ་ཀུང་གཙང་པོའི་མཉམ་འབྲེལ་སྐོར་གཡེང་ཁྲིམས་སྒྱུར་བྱ་སྤྱོད་ཐེངས་144པ་ཕུན་སུམ་ཚོགས་པོའི་ངང་མཇུག་འགྲིལ་བ་རེད།
ད་ཐེངས་ཀྱི་བྱ་སྤྱོད་སྤེལ་ཡུན་ཉིན་4དང་མཚན་མོ་3ཡིན་པ་དང་སྤྱིའི་ཆུ་འགྲུལ་ལམ་ཐག་སྤྱི་ལེ་600ལྷག་ཙམ་ཟིན་ཡོད་པ་རེད། རྒྱལ་ཁབ་བཞིའི་འབྲེལ་ཡོད་ཁྲིམས་སྒྱུར་སྡེ་ཚན་གྱིས་ཁྱོན་ཁྲིམས་སྒྱུར་གྲུ་གཟིངས་5དང་ཁྲིམས་སྒྱུར་མི་སྣ་140ལྷག་ཙམ་བཏང་བ་དང་། ལམ་ཐིག་ཧྲིལ་པོ་དང་དུམ་བུ་ཕྱེ་ནས་སྐོར་གཡེང་བྱ་རྒྱུ་ཟུང་འབྲེལ་བྱེད་པའི་རྣམ་པའི་ཐོག་ནས་མེ་ཀུང་གཙང་པོའི་པན་ཤང་ཀོ་དང་། མོང་པ་ལི་ཨའོ། མོང་མོ། “ཅིན་སན་ཟུར་གསུམ་གླིང”སོགས་གཙོ་གནད་ཆུ་ཁོངས་སུ་མཉམ་འབྲེལ་སྐོར་གཡེང་ཁྲིམས་སྒྱུར་བྱེད་སྒོ་སྤེལ་བ་རེད།