དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་མཚོ་ནུབ་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལེའུ་གསར་པ་བརྩམས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཆའོ་ཏུང་།   |     སྤེལ་དུས།  2024-08-28

    2023ལོར་མཚོ་སྔོན་ཞིང་ཆེན་གྱི་ནུབ་རྒྱུད་དུ་གནས་པའི་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་ཡི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་828.19ཟིན་ཏེ་རྒྱུན་མཐུད་མཚོ་སྔོན་ཞིང་ཆེན་གྱི་མདུན་གྲལ་དུ་སླེབས་པ་དང་། མི་རེའི་ཆ་སྙོམས་GDPསྒོར་ཁྲི་17.6བར་འཕར་ཏེ་མཚོ་སྔོན་ཞིང་ཆེན་གྱི་ཨང་དང་པོར་སླེབས་ཡོད།

    གྲངས་གཞི་གསར་པ་རེ་རེ་བཞིན་ཐོན་པ་དང་། ཐོན་ལས་རེ་རེ་བཞིན་འཕེལ་རྒྱས་མགྱོགས་པ། རྣམ་གྲངས་རེ་རེ་བཞིན་ལ་སྐུལ་འདེད་མྱུར་པོ་བཏང་བ། མང་ཚོགས་ལ་མིག་མཐོང་ལག་ཟིན་གྱི་ཕན་འབྲས་དངོས་མང་པོ་ཞིག་ཐོབ་པ་བཅས་ཀྱི་ཁྲོད་དུ་མཚོ་ནུབ་ཀྱི་གྲུབ་ཆ་ལེགས་སྒྲིག་དང་། གསོན་ཤུགས་འཕེལ་བ། བརྟན་བགྲོད་རྒྱང་འཁྱོལ་བཅས་ཀྱི་འཕེལ་རྒྱས་ཀྱི་བསམ་ཕྱོགས་གསར་པ་འདུས་ཡོད་ལ། མཚོ་ནུབ་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འགྲོ་ལམ་ཐོག་བསྐྱོད་པའི་འཕེལ་ཕྱོགས་ཆེན་པོར་བདེན་དཔང་ཡང་བྱས་ཡོད།

    “ལྗང་མདོག”ལ་དམིགས་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་བཏང་སྟེ།

    ནུས་རྒྱུའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ནུས་འཕེལ་བར་བྱས་པ།

    ནུས་རྒྱུ་གཙང་མའི་ཐོན་ལས་ཀྱི་མཐོ་ས་བསྐྲུན་པའི་ཐད་མཚོ་ནུབ་ཀྱིས་འབད་འཐབ་ཆེན་པོ་བྱེད་བཞིན་ཡོད། མང་ཡའི་ཐན་མོང་ནུས་རྒྱུ་གསར་པ་ཚད་ཡོད་ཀུང་སིར་བསྐྱོད་སྐབས། རླུང་གློག་གློག་འདོན་འཕྲུལ་འཁོར་སྟར་པ་དང་སྟར་པ་བྱས་ཏེ་ལྷགས་ཕྱོགས་དང་བསྟུན་ནས་སྐོར་བ་རྒྱག་ཅིང་། མུ་མཐའ་མེད་པའི་མཐིང་མདོག་གི་འོད་ཤུགས་ཤེལ་ལེབ་དག་ནི་གཡུ་ཞུན་གྱི་རྒྱ་མཚོ་ཆེན་པོ་དང་འདྲ་བར་ཉི་འོད་འོག་ཏུ་འོད་ལམ་ལམ་དུ་འཚེར། རྣམ་གྲངས་ཀྱི་འགན་འཁུར་བ་ཏའེ་ཡུས་ལིན་གྱིས་ངོ་སྤྲོད་བྱས་དོན། མང་ཡའི་ཐན་མོང་ནུས་རྒྱུ་གསར་པ་ཚད་ཡོད་ཀུང་སིའི་ཆན་ཝ་ཁྲི་150ཟིན་པའི་རླུང་གློག་གསོག་འཇོག་དང་གསབ་རེས་ཀྱི་གོང་ཁེའི་དཔེ་སྟོན་རྣམ་གྲངས་ཀྱི་དུས་ཐེངས་དང་པོའི་ཆན་ཝ་ཁྲི་20ཟིན་པའི་རླུང་གློག་དང་ཆན་ཝ་ཁྲི་10ཟིན་པའི་འོད་ཤུགས་ཀྱི་གཞི་གཅིག་ཅན་གྱི་རྣམ་གྲངས་འཁོར་སྐྱོད་བརྟན་པོ་ཡོད་པ་དེ་ནི་མིག་སྔར་མཚོ་སྔོན་དུ་མཐོ་ཚད་སྨི་30ཟིན་པའི་ཨར་འདམ་ལྕགས་རྩིབས་མའི་འདེགས་སྒྲོམ་དང་ལྕགས་སྒྲོམ་ཟུང་འབྲེལ་ལག་རྩལ་སྤྱད་པའི་རྣམ་གྲངས་གཅིག་པུ་དེ་ཡིན་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། 2023ལོ་ནས་བཟུང་། མཚོ་ནུབ་ཀྲོའུ་ཡིས་ལྗང་མདོག་རྩིས་ནུས་འཕེལ་རྒྱས་བཏང་བ་ལས་བྱུང་བའི་འཐབ་ཇུས་ཀྱི་གོ་སྐབས་དམ་འཛིན་ལྷོད་མེད་བྱས་ཏེ་ནུས་རྒྱུ་གཙང་མར་བརྟེན་ནས་ལྗང་མདོག་རྩིས་ནུས་འཕེལ་རྒྱས་གཏོང་བ་དང་། ལྗང་མདོག་གློག་ཤུགས་ལྗང་མདོག་རྩིས་ནུས་ལ་སྒྱུར་བར་སྐུལ་འདེད་གཏོང་བ། ལྗང་མདོག་རྩིས་ནུས་ཀྱི་མཐུན་རྐྱེན་དམ་འཛིན་ལྷོད་མེད་བྱེད་པ་བཅས་བྱས་ཏེ། ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བའི་མ་དཔེ་གསར་པ་བཏོད་ཡོད། 2023ལོའི་ལོ་མཇུག་བར། མཚོ་ནུབ་ཀྲོའུ་ཡི་ནུས་རྒྱུ་གཙང་མའི་གློག་ཤུགས་ཀྱི་གློག་འདོན་འཕྲུལ་འཁོར་ཨ་མ་ནས་གློག་གཏོང་ཚད་ཆན་ཝ་ཁྲི་1880.6ཟིན་ཏེ་ཞིང་ཆེན་ཡོངས་ཀྱི་37%བཟུང་ཡོད།

    “ཤེས་ལྡན་པར”དམ་འཛིན་བྱས་ཏེ།

    གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བ།

    གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་རིང་། མཚོ་ནུབ་ཀྲོའུ་ཡིས་གྲོང་གསེབ་ཀྱི་ཐོན་ལས་དང་། ཤེས་ལྡན་པ། རིག་གནས། སྐྱེ་ཁམས། རྩ་འཛུགས་བཅས“དར་རྒྱས་ཆེན་པོ་ལྔ”ལ་དམིགས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་དུ་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་དང་སྦྲེལ་མཐུད་ནུས་ལྡན་བྱེད་པའི་སྲིད་ཇུས་མ་ལག་བཏོད་དེ་ཐོན་ལས་སྐྱེད་སྲིང་དང་། འཛུགས་སྐྲུན་ལ་དམ་འཛིན། ཞན་ཆ་སེལ་བ། ཞབས་ཞུར་ཤུགས་སྣོན། ཤེས་ལྡན་པ་དར་རྒྱས་བཅས་ལ་གཙོ་གནད་ཐོག་ཤུགས་སྣོན་བརྒྱབ་སྟེ་སྣ་མང་ཅན་གྱི་མཚོ་ནུབ་ཀྲོའུ་ཡི་གྲོང་གསེབ་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བཏོད་ཡོད། ཀྲོའུ་ཡོངས་ཀྱི་དབུལ་སྒྲོལ་མི་འབོར་གྱི་ཡོང་འབབ་རྒྱུན་མཐུད་བརྟན་པོའི་ངང་འཕར་བ་དང་2023ལོར་གྲོང་གསེབ་ཀྱི་རྒྱུན་སྡོད་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི་2ལྷག་ཙམ་ཟིན་ཡོད།

    ཐོན་ལས་དར་རྒྱས་ནི་གྲོང་གསེབ་དར་རྒྱས་ཀྱི་གཙོ་གནད་ཡིན་ཞིང་། ཝུའུ་ལམ་རྫོང་གི་དོན་དངོས་དང་མཐུན་པའི་ཐོན་ལས་འཕེལ་རྒྱས་ཀྱི་ལམ་བུ་འཚོལ་ཞིབ་བྱ་ཆེད། ཝུའུ་ལམ་རྫོང་རྩ་འཛུགས་སྡེ་ཚན་གྱིས་ཝུའུ་ལམ་རྫོང་གི་ས་ཁམས་ཀྱི་ལེགས་ཆ་དང་ཐོན་ཁུངས་ཀྱི་དམིགས་བསལ་དགེ་མཚན་གང་ལེགས་བཏོན་ཏེ། འདྲེ་ཚེར་མ་དང་ལི་གྲོ་སོགས་ཁྱད་ལྡན་འདེབས་འཛུགས་ཐོན་ལས་འཕེལ་རྒྱས་བཏང་ཡོད། དཔེ་སྟོན་རྟེན་གཞི་འཛུགས་པ་དང་། སྣ་ཁ་གསར་པ་དང་ལག་རྩལ་གསར་པ་ཁྱབ་གདལ་གཏོང་བ། སྤུས་རྟགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་སོགས་ཀྱི་བྱ་ཐབས་སྤྱད་དེ་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་དང་ཁྲོམ་རའི་འགྲན་རྩོད་ནུས་པ་ཆེ་རུ་བཏང་ཡོད། གྲོང་གསེབ་ཀྱི་ཡུལ་སྐོར་ཐད་ལ་ཝུའུ་ལམ་རྫོང་ཨུད་རྩ་འཛུགས་པུས་ཡུལ་སྐོར་དང་ཞིང་ལས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་བཏང་ཡོད། ཚྭ་ཁ་གཞི་རྟེན་དུ་བྱས་ནས་ཁྱད་ཆོས་ལྡན་པའི་གྲོང་གསེབ་ཡུལ་སྐོར་གྱི་དམངས་སྲོལ་གནས་ཚང་ཁག་གཅིག་བཏོད་དེ་ཡུལ་དེའི་ཞིང་པར་འབབ་འཕར་ཡོང་བར་སྐུལ་ཁྲིད་བྱས་ཡོད།

    བྱེ་ཐང་སྔོ་ལྗང་དུ་བསྒྱུར་ནས།

    སྐྱེ་ཁམས་ལྗང་མདོག་གི་ལེའུ་བརྩམས་པ།

    ད་ཕན་ལོ་ཤས་རིང་། མཚོ་ནུབ་ཀྲོའུ་ཡིས་བློ་ཐག་གཙང་བཅད་དང་བློ་ཁོག་ཆེན་པོས་རྗེས་ལུས་ཀྱི་ཐོན་ནུས་མཐའ་གཅིག་ཏུ་མེད་པར་བཟོས་ནས་ཟད་གྲོན་ཆེ་བ་དང་སྦགས་བཙོག་ཆེ་བའི་ཁེ་ལས་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་ཡོད། དེ་དང་ཆབས་ཅིག ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་ཧུར་ཐག་བཏང་ནས་ལྗང་མདོག་དང་། ཐཱན་ཉུང་། འཁོར་རྒྱུག་དཔལ་འབྱོར་བཅས་འཕེལ་རྒྱས་ལ་ལྕག་སྐུལ་བྱས་ཏེ་དཔལ་འབྱོར་འཕེལ་རྒྱས་དང་སྐྱེ་ཁམས་སྲུང་སྐྱོང་གི་མཉམ་འགུལ་བཟང་པོ་ཆགས་པར་བྱས་ཡོད།

    2023ལོའི་ཟླ་10ཚེས་27ཉིན། སྐྱེ་ཁམས་ཁོར་ཡུག་པུས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་དཔེ་སྟོན་ཁུལ་གྱི་མིང་ཐོ་ཁག་བདུན་པ་ཡོངས་བསྒྲགས་བྱས་ནས་ཝུའུ་ལམ་རྫོང་ལ“སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་དཔེ་སྟོན་ཁུལ་ཁག་བདུན་པའི”མཚན་སྙན་ཐོབ་ཡོད། རྒྱལ་ཁབ་རིམ་པའི་སྐྱེ་ཁམས་ཤེས་དཔལ་གྱི“གསེར་གྱི་མིང་ཤོག”དེ་ཝུའུ་ལམ་རྫོང་གིས་འཕེལ་རྒྱས་དང་སྐྱེ་ཁམས་ཀྱི་མཐའ་ཚད་གཉིས་མཐའ་གཅིག་ཏུ་བརྟན་པོ་བསྲུངས་ནས་ལྗང་མདོག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུར་ཧུར་ཐག་སྐྱོད་པའི་དད་སེམས་དང་ཆོད་སེམས་ལས་བྱུང་བ་ཞིག་རེད།

    ད་ཕན་ལོ་ཤས་རིང་། མཚོ་ནུབ་ཀྲོའུ་ཡིས་རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་འཁྱགས་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་བཅོས་སྐྱོང་མ་ལག་ལ་སྤྱི་འདོམས་སྐུལ་འདེད་བཏང་ཞིང་། མིག་སྔའི་བར། ཀྲོའུ་ཡོངས་ཀྱི་ནགས་ས་སྤྱི་ཆིང་645195.77དང་། རྩྭ་ས་སྤྱི་ཆིང་12091288.08 འདམ་ར་སྤྱི་ཆིང་1804700བཅས་ཟིན་པ་དང་། ནགས་ཚལ་ཁྱབ་ཚད་4.1%བར་མང་དུ་ཕྱིན་པ། རྩྭ་ཐང་གི་སྔོ་ཁེབས་ཁྱབ་ཚད་45.38%ཟིན་ཡོད།

    “སེ་འབྲུའི་རྡོག་ལྟར”གོང་བུ་གཅིག་ཏུ་བསྒྲིལ་ནས།

    དུས་བདེ་དང་བརྟན་ལྷིང་གི་རྣམ་པ་གསར་པ་བཏོད་པ།

    ད་ཕན་ལོ་ཤས་རིང་། མཚོ་ནུབ་ཀྲོའུ་ཡིས་མི་རིགས་ལས་དོན་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་ལ་ཚད་མཐོའི་མཐོང་ཆེན་བྱས་ཤིང་། ཀྲོའུ་ཡོངས་ཀྱི་གོང་འོག་ཚང་མས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་གཙོ་རྐང་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་དུས་རབས་གསར་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གི“མཚོ་ནུབ་ཀྱི་དཔེ་མཚོན”ཧུར་ཐག་བཏོད་ཡོད།

    རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཀྲོའུ་འཛུགས་གཏོད་ཐེངས་གཉིས་བསྟུད་མར་བྱས་ནས་གྲོང་ཁྱེར་དང་རྫོང་6ལ་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱིས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་རྫོང་གི་མིང་བཏགས་པ་སོགས། མིག་སྔའི་བར། མཚོ་ནུབ་ཀྲོའུ་ཡིས“སེ་འབྲུའི་ཁྱིམ་གཞིས”96དང་གྲངས་ཉུང་མི་རིགས་ཀྱི་ཞབས་ཞུའི་ལྟེ་གནས་5བཙུགས་ནས་སྔ་རྗེས་སུ་མཉམ་སྡེབ་43དང་མི་སྒེར་56རྒྱལ་ཡོངས་ཀྱི་ཞིང་ཆེན་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་གྱི་དཔེ་བཟང་མཉམ་སྡེབ་དང་དཔེ་བཟང་མི་སྒེར་ལ་བདམས་ཡོད་པ་རེད།

    ལོ་16བསྟུད་མར་སྐབས་བཞི་ཡི“རྒྱལ་ཡོངས་ཀྱི་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་གི་ཕུལ་བྱུང་གྲོང་ཁྱེར(ས་ཁུལ་དང་། ཀྲོའུ། མོང)”ལ་བདམས་པ་དང་། རྒྱལ་ཡོངས་ཀྱི་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་གི་བྱ་དགའ་མཐོ་ཤོས་ཏེ“ཁྲང་ཨན་བུམ་པ”ཐེངས་གཉིས་རག་ཡོད། གཟི་བརྗིད་དེ་དག་ནི་མཚོ་ནུབ་ཀྲོའུ་ཡི་ལོ་མང་རིང་གི་དུས་བདེ་འཛུགས་སྐྱོང་གྲུབ་འབྲས་ཀྱི་དཔང་པོ་ཡག་ཤོས་ཤིག་རེད་ལ། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་ཐུན་མོང་འབད་བརྩོན་དང་འབད་འཐབ་ལྷོད་མེད་བྱས་པ་ལས་བྱུང་བའི་གྲུབ་འབྲས་ཤིག་ཀྱང་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།