དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • རྨ་ཆུའི་འབབ་རྒྱུད(མཚོ་ཀན་དུམ་བུ)ཀྱི་འཕྲེད་ཕྱོགས་སྐྱེ་ཁམས་སྲུང་སྐྱོང་གི་ཁ་གསབ་གྲོས་མཐུན་ཐོག་མ་བཞག་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-08-28

    གྲོས་མཐུན་ནང་མཚོ་སྔོན་དང་ཀན་སུའུ་ཞིང་ཆེན་གཉིས་ཀྱིས་1བསྡུར་1གི་བསྡུར་ཚད་གཞིར་བཟུང་། ཐུན་མོང་ཐོག་མ་དངུལ་གྲབས་གསོག་བྱས་ནས་རྨ་ཆུའི་སྟོད་སྨད་འབབ་རྒྱུད་ཀྱི་འཕྲེད་ཕྱོགས་སྐྱེ་ཁམས་ཁ་གསབ་མ་དངུལ་བཙུགས་ཏེ། རྨ་ཆུའི་རྒྱལ་ཁབ་ཀྱིས་ཚོད་འཛིན་བྱེད་པའི་བཅད་ངོས་དང་ཙོང་ཆུའི་འགྲམ་གྱི་གྱང་གྲོང་ཚོའི་རྒྱལ་ཁབ་ཀྱིས་ཚོད་འཛིན་བྱེད་པའི་བཅད་ངོས་དེ་ལྟ་ཞིབ་ཚད་ལེན་དང་དཔྱད་ཞིབ་ཀྱི་བཅད་ངོས་སུ་བརྩིས་ནས་ལོ་རེའི་ཆ་སྙོམས་ཆུ་སྤུས་ཀྱི་རིགས་ལ་གཞིགས་ཏེ་ཁ་གསབ་མ་དངུལ་རྩིས་བརྒྱབ་ནས་རྨ་ཆུའི་ཆུ་གཞུང་ཨ་མ་དང་རིམ་པ་དང་པོའི་ཆུ་ལག་ཙོང་ཆུའི་ཁོངས་སུ་ཞིང་ཆེན་གཉིས་ཀྱིས་འབབ་རྒྱུད་མཉམ་སྐྱོང་མཉམ་སྲུང་གི་རྣམ་པ་བཟང་པོ་ཞིག་ཆགས་པར་སྐུལ་འདེད་གཏོང་གི་ཡོད་པ་ཁ་གསལ་བཏོན་ཡོད།

    འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དང་ཀན་སུའུ་ཞིང་ཆེན་མི་དམངས་སྲིད་གཞུང་གིས་རྨ་ཆུའི་འབབ་རྒྱུད(མཚོ་སྔོན་དང་ཀན་སུའུ་དུམ་བུ)ཀྱི་འཕྲེད་ཕྱོགས་སྐྱེ་ཁམས་སྲུང་སྐྱོང་གི་ཁ་གསབ་གྲོས་མཐུན་ལ་དངོས་སུ་མིང་རྟགས་བཀོད་པ་དེ་ནི་རྨ་ཆུའི་འབབ་རྒྱུད་ཀྱི་ཆུ་འགོའི་ཞིང་ཆེན་དབར་མིང་རྟགས་བཀོད་པའི་ཞིང་ཆེན་གྱི་ས་མཚམས་སྒྲོལ་བའི་འབབ་རྒྱུད་ཀྱི་འཕྲེད་ཕྱོགས་སྐྱེ་ཁམས་སྲུང་སྐྱོང་གི་ཁ་གསབ་གྲོས་མཐུན་ཐོག་མ་དེ་ཡིན་ཞིང་། དེ་ཐོག་ནས་ཞིང་ཆེན་གཉིས་ཀྱིས་འབབ་རྒྱུད་ཀྱི་འཕྲེད་ཕྱོགས་སྐྱེ་ཁམས་སྲུང་སྐྱོང་གི་ཁ་གསབ་ལམ་སྲོལ་འཚོལ་ཞིབ་བྱེད་རིང་གོམ་པ་གལ་ཆེན་ཞིག་སྤོས་པ་མཚོན་ཡོད།

    གྲོས་མཐུན་ནང་མཚོ་སྔོན་དང་ཀན་སུའུ་ཞིང་ཆེན་གཉིས་ཀྱིས་1བསྡུར་1གི་བསྡུར་ཚད་གཞིར་བཟུང་། ཐུན་མོང་ཐོག་མ་དངུལ་གྲབས་གསོག་བྱས་ནས་རྨ་ཆུའི་འབབ་རྒྱུད་ཀྱི་སྟོད་སྨད་འབབ་རྒྱུད་ཀྱི་འཕྲེད་ཕྱོགས་སྐྱེ་ཁམས་ཁ་གསབ་མ་དངུལ་བཙུགས་ཏེ། རྨ་ཆུའི་རྒྱལ་ཁབ་ཀྱིས་ཚོད་འཛིན་བྱེད་པའི་བཅད་ངོས་དང་ཙོང་ཆུའི་འགྲམ་གྱི་གྱང་གྲོང་ཚོའི་རྒྱལ་ཁབ་ཀྱིས་ཚོད་འཛིན་བྱེད་པའི་བཅད་ངོས་དེ་ལྟ་ཞིབ་ཚད་ལེན་དང་དཔྱད་ཞིབ་ཀྱི་བཅད་ངོས་སུ་བརྩིས་ནས་ལོ་རེའི་ཆ་སྙོམས་ཆུ་སྤུས་ཀྱི་རིགས་ལ་གཞིགས་ཏེ་ཁ་གསབ་མ་དངུལ་རྩིས་བརྒྱབ་ནས་རྨ་ཆུའི་ཆུ་གཞུང་ཨ་མ་དང་རིམ་པ་དང་པོའི་ཆུ་ལག་ཙོང་ཆུའི་ཁོངས་སུ་ཞིང་ཆེན་གཉིས་ཀྱིས་འབབ་རྒྱུད་མཉམ་སྐྱོང་མཉམ་སྲུང་གི་རྣམ་པ་བཟང་པོ་ཞིག་ཆགས་པར་སྐུལ་འདེད་གཏོང་གི་ཡོད་པ་ཁ་གསལ་བཏོན་ཡོད།

    ཀྲུང་ཧྭ་མི་རིགས་ཀྱི་མ་ཡུམ་ཆུ་བོ་ཡིན་པའི་རྨ་ཆུའི་སྐྱེ་ཁམས་སྲུང་སྐྱོང་བྱ་རྒྱུ་དེ་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོང་དང་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད། ད་ཐེངས་ཁ་གསབ་གྲོས་མཐུན་བཞག་པ་དེས་ཞིང་ཆེན་གཉིས་ཀྱིས་རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་ཐད་ཀྱི་མཉམ་ལས་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ་རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་མཉམ་ཤུགས་ཆེན་པོ་ཆགས་པར་སྐུལ་འདེད་བཏང་ནས་སྐྱེ་ཁམས་སྲུང་སྐྱོང་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་མཉམ་འགུལ་བཟང་པོ་ཆགས་པར་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།