དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ནག་ཆུ་གྲོང་ཁྱེར་གྱིས་ལྗང་མདོག་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་མགྱོགས་མྱུར་བཙུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-08-28

    ཉེ་བའི་ལོ་ཤས་རིང་ནག་ཆུ་གྲོང་ཁྱེར་གྱིས་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་ཐཱན་ཚད་མཐོ་ཤོས་དང་ཐཱན་ཚད་སྙོམ་སྦྱོར་ལས་དོན་གཙོ་གནད་དུ་བྱས་ནས་ལྗང་མདོག་འཕེལ་རྒྱས་འདུ་ཤེས་བརྟན་པོར་བཙུགས་པ་དང་ལྗང་མདོག་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་གང་མགྱོགས་བཙུགས་པས་ནུས་རྒྱུ་གསར་པའི་འགྲིམ་འགྲུལ་སྐྱེལ་འདྲེན་ཡོ་བྱད་གསར་པ་ཁྱབ་གདལ་དང་ལྗང་མདོག་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་ལམ་ལུགས་མ་ལག་འཛུགས་པ་སོགས་ཐད་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ནག་ཆུ་གྲོང་ཁྱེར་གྱིས་2018ལོར་ཉོས་པའི་ནུས་རྒྱུ་གསར་པའི་སྤྱི་སྤྱོད་རླངས་འཁོར་6གི་རྨང་གཞིའི་ཐོག་2023ལོར་ནུས་རྒྱུ་གསར་པའི་སྤྱི་སྤྱོད་རླངས་འཁོར་3ཉོས་ཏེ་གློག་སྡོང་1སྒྲིག་སྦྱོར་བྱས་པ་མ་ཟད་ལྷོ་རྒྱུད་ཁུལ་གསར་གྱི་སྤྱི་སྤྱོད་རླངས་འཁོར་གྱི་ཆེད་གཏོང་ལམ་ཐིག་7པའང་ཤར་གཏོང་བྱས་ཡོད། མིག་སྔའི་བར་ནག་ཆུ་གྲོང་ཁྱེར་ལ་སྤྱི་སྤྱོད་ལམ་ཐིག་7དང་སྤྱི་སྤྱོད་རླངས་འཁོར་21ཡོད་པའི་ནང་གློག་སྒུལ་རྐྱང་པའི་སྤྱི་སྤྱོད་རླངས་འཁོར་9དང་གློག་སྡོང་3ཡོད་པ་རེད།

    གཞན་ཡང་སྤྱི་སྤྱོད་རྐང་འཁོར་ནག་ཆུ་གྲོང་ཁྱེར་དུ་ཁྱབ་གདལ་ཐུབ་པ་ལས་གྲོང་མི་ལམ་ཐག་ཐུང་ངུར་འགྲོ་སྐྱོད་བྱེད་པའི་དགོས་མཁོ་བསྐངས་བ་དང་ཆབས་ཅིག་གྲོང་ཁྱེར་གྱི་ལྗང་མདོག་ཐཱན་ཉུང་ཕྱིར་སྐྱོད་མ་ལག་མགྱོགས་མྱུར་འཛུགས་པ་དང་གྲོང་ཁྱེར་གྱི་སྤྱི་པའི་འགྲིམ་འགྲུལ་འཕེལ་རྒྱས་ཡག་པོ་འགྲོ་བར་བསམ་ཕྱོགས་མཁོ་འདོན་བྱས་ཡོད། མིག་སྔར་ནག་ཆུ་གྲོང་ཁུལ་དུ་སྤྱི་སྤྱོད་གློག་འཁོར་2000བཏང་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།