དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་བཟའ་བཏུང་གི་རིན་གོང་གསལ་འགོད་ལ་ཆེད་དོན་ལྟ་སྐུལ་ཞིབ་བཤེར་གྱི་བྱ་སྤྱོད་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-08-28

    བཟའ་བཏུང་ལས་རིགས་ཀྱི་རིན་བསྡུའི་བྱ་སྤྱོད་སྔར་བས་ཚད་ལྡན་དུ་བཏང་ནས་རྒྱ་ཆེའི་འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ཏན་ཏིག་དང་ཞི་མཐུན་དང་གོ་རིམ་ལྡན་པའི་བཟའ་བཏུང་གི་ཁྲོམ་རའི་ཁོར་ཡུག་གཏོད་ཆེད། ཉེ་ཆར་ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་བོད་རང་སྐྱོང་ལྗོངས་གཡོས་སྦྱོར་བཟའ་བཏུང་ལས་རིགས་མཐུན་ཚོགས་དང་མཉམ་འབྲེལ་ཐོག ལྷ་ཞབས་གླིང་ཕྲན་གྱི་བཟའ་བཏུང་ཁྲོམ་ཚོམ་དུ་བཟའ་བཏུང་གི་རིན་གོང་གསལ་འགོད་ལ་ཆེད་དོན་ལྟ་སྐུལ་ཞིབ་བཤེར་བྱ་སྤྱོད་སྤེལ་བ་རེད།

    ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་ལྷ་ཞབས་གླིང་ཕྲན་གྱི་བཟའ་བཏུང་ཁྲོམ་ཚོམ་དུ་ཞིབ་བཤེར་བྱེད་རིང་ཚོང་དུད་མི་ཉུང་བ་ཞིག་ལ་ཚད་གཞི་མི་འདྲ་བའི་རིན་གོང་སྒྲིག་འགལ་གྱི་བྱེད་སྤྱོད་ལྡན་པ་ཤེས་རྟོགས་བྱུང་ནས་ཁྲིམས་ལྟར་སྲིད་འཛིན་ཆད་པ་བཅད་པ་མ་ཟད། དུས་བཀག་ནང་དག་ཐེར་བྱེད་དགོས་པའི་བླང་བྱའང་བཏོན་ཡོད། གཞན་ཡང་ཁྲིམས་སྒྱུར་མི་སྣས་ཚོང་པར《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རིན་གོང་བཅའ་ཁྲིམས》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་བཅའ་ཁྲིམས》སོཌ་བཅའ་ཁྲིམས་དང་ཁྲིམས་སྲོལ་སྒྲོག་འགྲེལ་ཧུར་ཐག་བྱས་ཏེ། ཚོང་པས་ཁྲིམས་ལྟར་ཡིན་ལུགས་ཚུལ་ལྡན་ངང་ཚོང་རྒྱག་པ་དང་འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་རང་རྟོགས་ངང་སྲུང་སྐྱོང་བྱས་ཏེ་དྲང་གཞག་འགྲན་རྩོད་ཀྱི་ཁྲོམ་རའི་ཁོར་ཡུག་ཅིག་གཏོད་རྒྱུར་སྐུལ་འདེད་བཏང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།