ལྟ་སྐུལ་ཁྲིམས་སྒྱུར་ལ་ཤུགས་སྣོན་བརྒྱབ་ནས་ཁ་སྦུག་བདེ་འཇགས་སྲུང་བར་གཞ
ཁྲིམས་སྒྱུར་མི་སྣས་སོ་ནད་སྒོ་བསྟེན་སྨན་ཁང་ལ་ཞིབ་བཤེར་བྱེད་བཞིན་པ།
ཁྲིམས་སྒྱུར་མི་སྣས་སོ་ནད་སྒོ་བསྟེན་སྨན་ཁང་ལ་ཞིབ་བཤེར་བྱེད་བཞིན་པ།
ཉེ་ཆར། ཁྲོམ་གཟིགས་སྒང་སྡེ་ཁུལ་གྱིས་སྡེ་ཁུལ་དྲ་མིག་ཅན་གྱི་དོ་དམ་ལེགས་ཆར་བརྟེན་ནས་ཁོངས་གཏོགས་ཁུལ་གྱི་སོ་ནད་སྒོ་བསྟེན་སྨན་ཁང་ལ་ཕྱོགས་ཡོངས་ནས་མཐིལ་རྟོགས་དང་གྲལ་བཤེར་བྱས་ཤིང་། སོ་ནད་སྒོ་བསྟེན་སྨན་ཁང་ལ་ཁྲིམས་མཐུན་གཉེར་སྐྱོང་ཐོབ་ཐང་ལྡན་མིན་དང་ཐོ་འགོད་འཛིན་ཡིག་ཡོད་མེད་དང་དེ་བཞིན་ལས་གཉེར་མི་སྣར་གོ་ཆོད་ཀྱི་ལས་སྒྲུབ་ལག་ཁྱེར་ལྡན་མིན་སོགས་ཀྱི་འགག་རྩའི་ཆ་འཕྲིན་ལ་གཙོ་གནད་ཐོག་ཞིབ་བཤེར་བྱས་པ་རེད།
ཁྲིམས་སྒྱུར་མི་སྣ་སོ་ནད་སྒོ་བསྟེན་སྨན་ཁང་དུ་བསྐྱོད་ནས་དེ་གའི་ལས་གཉེར་ཐོབ་ཐང་ལག་ཁྱེར་དང་། སྨན་དོན་པའི་ཐོབ་ཐང་ལག་ཁྱེར། སྨན་བཅོས་སྒྲིག་ཆས་དང་འཕྲོད་བསྟེན་ཆ་རྐྱེན་སོགས་ལ་རེ་རེ་བཞིན་ཞིབ་བཤེར་བྱས་ཤིང་། སོ་ནད་སྒོ་བསྟེན་སྨན་ཁང་23གྱིས་སྒོ་བསྟེན་སྨན་ཁང་གི་ཐོ་འགོད་འཛིན་ཡིག་སོགས་འབྲེལ་ཡོད་ལག་ཁྱེར་གཉེར་མེད་པ་རྩད་ཆོད་པ་མ་ཟད་ལག་ཁྱེར་མེད་པའི་སོ་ནད་སྒོ་བསྟེན་སྨན་ཁང་དེ་དག་ལ《འཕྲོད་བསྟེན་སྲིད་འཛིན་གྱི་ཁྲིམས་སྒྱུར་ཡི་གེ》སྤྲད་ནས་ལས་སྒོ་གཉེར་མཚམས་བཞག་སྟེ་དག་ཐེར་བྱེད་དུ་བཅུག་པ་རེད།