ལྷུན་གྲུབ་རྫོང་གིས“སྒྲོག་འགྲེལ་པ་རྩེ་གྲའི”འགྲན་བསྡུར་བྱས་པ།
ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱེད་པའི་མཚམས་སུ་ལྷུན་གྲུབ་རྫོང་ཨུད་དྲིལ་བསྒྲགས་པུའུ་དང་། རྫོང་ཨུད་རྩ་འཛུགས་པུའུ། རྫོང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའུ། རྫོང་ཨུད་གྲོང་སྡོད་གཞུང་དོན་ཁང་བཅས་ཀྱིས་མཉམ་འབྲེལ་ཐོག་གཉེར་བའི“ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱེད་པ་དང‘སྒྲོག་འགྲེལ་པ་རྩེ་གྲའི’འགྲན་བསྡུར”རྫོང་གི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་སུ་བྱས་པ་རེད། འགྲན་བསྡུར་གྱི་དམིགས་ཡུལ་ནི་འགྲན་རྩོད་ཀྱི་རྣམ་པའི་ཐོག་ནས་ཕུལ་བྱུང་གི་གཞི་རིམ་སྒྲོག་འགྲེལ་པ་ཁག་གཅིག་གསོ་སྐྱོང་དང་། སྦྱོང་བརྡར། འདེམས་སྒྲུག་བཅས་བྱས་ནས་ལྷུན་གྲུབ་རྫོང་གིས་སྒྲོག་འགྲེལ་ལས་དོན་ཁྱོན་ཡོངས་ལ་ཁྱབ་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་བའི་ཐད་རྨང་གཞི་འདིང་རྒྱུ་དེ་ཡིན་པ་རེད།
ས་གནས་ས་ཐོག་ཏུ་ལྟ་སྐོར་སློབ་སྦྱོང་བྱེད་མཁན་སྒྲོག་འགྲེལ་པས་ད་ཐེངས་ཀྱི་སྒྲོག་འགྲེལ་འགྲན་བསྡུར་གོ་སྐབས་སུ་བྱས་ཏེ། སྒྲོག་འགྲེལ་གྱི་སྐད་ཆ་སྔར་བས་སྙན་དུ་གཏོང་བ་དང་སྐད་ཆ་ཤོད་སྟངས་ལེགས་སུ་བཏང་ནས་རང་ངོས་ཀྱི་རིགས་པའི་གཞུང་ལུགས་སྒྲོག་འགྲེལ་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་དང་། གཞི་རིམ་སྒྲོག་འགྲེལ་པ་མང་ཚོགས་ཡིན་པའི་ལེགས་ཆ་འདོན་སྤེལ་ཡག་པོ་བྱེད་པ། གོང་རིམ་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་གི་རྗེས་སུ་དམ་པོར་འབྲང་བ། ཞིང་ནང་དང་མུ་ཁ་དང་། རྩྭ་ཐང་དང་འབྲོག་ར། ཡུལ་མིའི་སྡོད་ཁང་བཅས་སུ་བསྐྱོད་དེ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་སེམས་སུ་ཟུག་ཐུབ་པ་དང་ལྷུན་གྲུབ་རྫོང་གི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རང་ཉིད་ཀྱི་སྟོབས་ཤུགས་རྒྱུན་མཐུད་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་བརྗོད་པ་རེད།