དབུ་ཤོག>གསར་འགྱུར།>བོད་སྐྱོར།
  • ཅི་ལིན་གྱིས་གཞིས་རྩེར་ཁ་གཏད་རོགས་སྐྱོར་བྱས་པ།

    བདེ་སྐྱིད་ལམ་བུ་བསྐྲུན་ནས་འབྱུང་འགྱུར་ཕྱོགས་སུ་གོམ་ཞེང་ཆེན་པོས་བསྐྱོད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-08-28

    འདི་ནི་ཅི་ལིན་བོད་སྐྱོར་གྱིས་ཇུས་འགོད་བྱས་པའི་གཞིས་རྩེ་གྲོང་ཁྱེར་ཀུན་ཁྱབ་གླིང་ཁའི་མུ་ཏིག་མཚོ་ཡིན་པ།

    ལས་ཞུགས་ཀྱི་བོད་སྐྱོར་ལས་དོན་ལ་སྔར་བས་ཤུཌ་སྣོན་རྒྱག་ཆེད། ཅི་ལིན་ཞིང་ཆེན་གྱིས་ཞབས་ཞུ་འགན་ལེན་བྱེད་ཤུགས་ཆེ་རུ་བཏང་སྟེ་སྒྲིག་ཁོངས་དང་ལས་གནས་མཁོ་འདོན་བྱས་ཤིང་། བོད་སྐྱོར་འབྲེལ་གཏུག་ཞབས་ཞུའི་ལྟེ་གནས་4བསྐྲུན་པ་རེད། 2019ལོ་ནས་བཟུང་ལས་གནས་7249མཁོ་འདོན་བྱས་པའི་ནང་བྱ་གཞག་ཚན་པའི་ལས་གནས་1000ཡོད་ཅིང་། ལས་བསྡུའི་བྱེད་སྒོ་ཐེངས་24མཐུན་སྦྱོར་ངང་སྤེལ་བར་རིམ་རྩིས་བྱས་ན་ཐེམ་ཁུངས་གཞིས་རྩེ་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མ་364ལྗོངས་ཕྱིར་ལས་ཞུགས་ཐུབ་རྒྱུར་རོགས་རམ་བྱས་ཡོད།

    དུས་ཡུན་རིང་པོའི་ནང་། ཅི་ལིན་ཞིང་ཆེན་བོད་སྐྱོར་ལས་དོན་རུ་ཁག་གིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་བ་གཙོ་རྐང་དུ་བྱས་ཏེ་གཞིས་རྩེའི་ལས་བྱེད་པ་800ལྷག་ཙམ་སྒྲིག་འཛུགས་བྱས་ནས་ཅི་ལིན་དུ་སློབ་སྦྱོང་སྦྱོང་བརྡར་ལ་མངགས་པ་དང་། གཞིས་རྩེའི་ལས་བྱེད་པ་མི་ཐེངས་ཁྲི་1.5གསོ་སྦྱོང་བྱས་པ་དང་འཇོན་ཐང་ཆེ་བའི་ས་གནས་དེ་གའི་ལས་བྱེད་པ་འབོར་ཆེན་གསོ་སྐྱོང་བྱས་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཕྱོགས་གཉིས་པོའི་རྫོང་དང་ཆུས་དང་། ཤང་དང་གྲོང་རྡལ། ཁེ་ལས། གྲོང་ཚོ་དང་གྲོང་ལྷན་སོགས་ཆ་འགྲིག་28བྱེད་པར་སྐུལ་འདེད་བཏང་བ་དང་། འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་བྱེད་སྒོ་སྣ་ཚོཌ་ཐེངས་128སྤེལ་ཞིང་། ཏང་གཅེས་རྒྱལ་གཅེས་དང་སྤྱི་ཚོགས་རིང་ལུགས་ལ་དགའ་ཞེན་གྱི་དྲིལ་བསྒྲགས་བྱེད་སྒོ་ཐེངས་16སྤེལ་ལ། མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་བརྩམས་ཆོས་28གསར་རྩོམ་དང་གསར་བརྗེའི་སློབ་གསོའི་རྟེན་གཞི་4བཏོད་པ་རེད།

    ཁྱད་ལྡན་ཐོན་ལས་སྟོབས་ཆེར་བཏང་བ།

    ལོ་མང་རིང་། ཅི་ལིན་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་གིས་གཞིས་རྩེའི་ཐོན་ཁུངས་ཀྱི་ཁྱད་ཆོས་དང་། ཐོན་ལས་ཀྱི་རྨང་གཞི། གཙོ་གནད་ཁ་ཕྱོགས་བཅས་ལ་གཞི་ཚུགས་ཏེ་ཐོན་ལས་བོད་སྐྱོར་ལ་བརྟེན་ནས་བོད་སྐྱོར་བྱ་ཡུལ་གྱི“རང་བརྟེན”ནུས་པ་རྒྱུན་མཐུད་ཆེ་རུ་གཏོང་རྒྱུ་མཐའ་འཁྱོངས་བྱས་ཤིང་། ཐོན་ལས་རྣམ་གྲངས་རེ་རེ་བཞིན་དོན་འཁྱོལ་བྱས་ནས་གཞིས་རྩེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་བཏང་བ་དང་ཆབས་ཅིག ས་གནས་དེ་གའི་མི་རིགས་ཁག་གི་མང་ཚོགས་འབབ་འཕར་ཕྱུག་འགྱུར་དང་གྲོང་གསེབ་དར་རྒྱས་ལ་སྐུལ་ཁྲིད་བྱས་ནས། སྔ་རྗེས་སུ་གཏིང་སྐྱེས་དང་། སྐྱིད་གྲོང་། ས་དགའ་བཅས་རྫོང་དབུལ་པོ་གསུམ་པོས་དབུལ་ཞྭ་ཕུད་རྒྱུར་རོགས་རམ་བྱས་ཡོད། དུད་ཚང་3148དང་མི་11335དབུལ་སྒྲོལ་ཐུབ་པ་དང་གཙོ་གནད་རྣམ་གྲངས་317སྒྲིག་འཛུཌ་ལག་བསྟར་བྱས་པར་རིམ་རྩིས་བྱས་ན་རོགས་དངུལ་སྒོར་དུང་ཕྱུར་13ལྷག་ཙམ་བཏང་བ་རེད།

    གཞིས་རྩེ་གྲོང་ཁྱེར་དཔལ་འབྱོར་དང་ཆ་འཕྲིན་ཅན་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཅི་ལིན་ཞིང་ཆེན་ཐོན་ལས་བོད་སྐྱོར་གྱི་འགན་འཁུར་བ་ཀའོ་ཧྥེང་གིས“རེས་སྐོར་གསར་པའི་བོད་སྐྱོར་ལས་དོན་སྤེལ་འགོ་ཚུགས་པ་ནས་བཟུང་། ཅི་ལིན་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་གིས་གཞིས་རྩེའི་ཁེ་ལས་ཀྱི་སྣེ་ཁྲིད་དེ་ཚོགས་སྒྲིག་རྣམ་པའི་ཐོག་ནས་ཀྲུང་གོ་དང་ཨེ་ཤེ་ཡ་བྱང་ཤར་དངོས་མང་སྟོན་ཚོཌ་དང་ཞིང་ལས་དངོས་མང་སྟོན་ཚོགས་ནང་ཞུགས་པ་དང་འབྲེལ། ཚོང་འགུགས་མ་འདྲེན་གྱི་འོས་སྦྱོར་ཚོགས་འདུ་ཡང་འཚོགས་ཡོད། མིག་སྔར་གན་འཇོག་མ་དངུལ་སྒོར་དུང་ཕྱུར་7.5ཟིན་པ་དང་མ་དངུལ་སྒོར་དུང་ཕྱུར་1.72གནས་སར་འབྱོར་ཡོད”ཅེས་བཤད།

    དམངས་ཀྱི་བདེ་རྩ་རྒྱུན་མཐུད་ངང་ཆེ་རུ་བཏང་བ།

    ཅི་ལིན་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་གིས་ཐོག་མཐའ་བར་གསུམ་དུ་དམངས་འཚོའི་བོད་སྐྱོར་སྔོན་ལ་བཞག་ནས་བོད་སྐྱོར་གྱི“སྤྱིའི་མ་དངུལ”ཁྲོད་ནས་མ་དངུལ་80%ལྷག་དམངས་འཚོ་ལེཌ་གཏོང་ལ་བཏང་ཡོད། འཕྲོད་བསྟེན་དང་སློབ་གསོ་སོགས་ཀྱི་ལས་དོན་ནི་གཞིས་རྩེའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཉམས་ཞན་ལྷུ་ཚིགས་ཡིན་པས། དེ་དག་ཅི་ལིན་བོད་སྐྱོར་གྱིས་མི་སེར་ལ་ཞབས་འདེཌ་ཞུ་བ་དང་དམངས་འཚོར་ཕན་པ་འདོགས་པའི་ཤུགས་རྒྱག་ས་གལ་ཆེན་ཞིག་ཏུ་གྱུར་ཡོད།

    2023ལོའི་ཟླ་9ཚེས་24ཉིན་ཅི་ལིན་བོད་སྐྱོར་གྱི“གོས་དཀར་ལྷ་རྗེའི་བྱམས་སེམས་ཏེ། གཞིས་རྩེ་གྲོང་ཁྱེར་གྱི་བྱིས་པའི་ལྷན་སྐྱེས་སྙིང་ནད་གྲལ་བཤེར་སྨན་བཅོས་རྣམ་གྲངས”ཀྱི་རོགས་རམ་འོག གཞིས་རྩེ་གྲོང་ཁྱེར་གྱི་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པ་13ཁྲང་ཁྲུན་དུ་འབྱོར་ནས་ཅི་ལིན་སློབ་ཆེན་པའེ་ཆིའུ་ཨེན་སྨན་ཁང་གཉིས་པར་སྨན་བཅོས་བྱས་ཡོད།

    2017ལོར་ཅི་ལིན་ཞིང་ཆེན་བོད་སྐྱོར་ལས་དོན་རུ་ཁག་གིས་མ་དངུལ་སྒོར་ཁྲི་550བཏང་ནས་སྐྱིད་གྲོང་གྲོང་རྡལ་ཆ་ཚང་སློབ་ཆུང་ལ་ལུས་རྩལ་ཐང་གི་ལྟ་སྟེཌ་དང་། འགྲོ་ལམ་སྲ་འགྱུར། ལུས་རྩལ་ཐང་སྲ་འགྱུར། སྔོ་འགྱུར་སོགས་རིམ་སྤོར་སྒྱུར་བཀོད་བྱས་ཡོད། རྣམ་གྲངས་ལེགས་གྲུབ་བྱུང་རྗེས་སྐྱིད་གྲོང་གྲོང་རྡལ་ཆ་ཚང་སློབ་ཆུང་གི་རྣམ་པ་གསར་རྐྱང་དུ་གྱུར་ནས་སློབ་མ་ཚོའི་སློབ་སྦྱོང་གི་སེམས་ཤུགས་སྔར་བས་ཆེ་རུ་ཕྱིན་པ་མ་ཟད། དགེ་རྒན་དང་ལས་བཟོའི་དཔེ་ཁྲིད་མི་སྐྱོང་གི་སྤྲོ་སེམས་ཀྱང་སྔར་བས་ཆེ་རུ་ཕྱིན་ཡོད།

    ལོ་30ཡི་རིང་། ཅི་ལིན་ཞིང་ཆེན་གྱི་བོད་སྐྱོར་ལས་བྱེད་པ་413གྱིས་བོད་སྐྱོར་གྱི་འགན་འཁྲི་ཕྲག་ཏུ་ཁུར་ཞིང་། གཞིས་རྩེ་ཕ་ཡུལ་གཉིས་པར་བརྩིས་ཏེ་བོད་སྐྱོར་བྱ་གཞག་ནང་ཧུར་ཐག་ཞུགས་ནས། གཞིས་རྩེའི་དགོས་མཁོར་དམིཌ་པ་དང་། མང་ཚོགས་ཀྱི་རེ་འདུན་སྐོང་བ། རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་བཅས་བྱས་ཏེ་ཚན་རིག་དང་མཐུན་པའི་སྒོ་ནས་བོད་སྐྱོར་ལས་དོན་གྱི་སྤྱིའི་བསམ་ཕྱོགས་ཇུས་འགོད་བྱས་ལ། “བོད་སྐྱོར་གསུམ”ལ་སྤྱི་འདོམས་ཀྱིས་རྣམ་གྲངས་ཀྱི་བོད་སྐྱོར་དང་། དམངས་འཚོའི་བོད་སྐྱོར། རིག་སྟོབས་ཀྱི་བོད་སྐྱོར་བཅས་གཙོ་རྐང་དུ་བྱེད་པ་དང་། “དོན་ཆེན་བཞིར”དམིགས་ནས་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ལ་དམ་འཛིན་ཡག་པོ་བྱེད་པ་འོས་འགན་དུ་འཛིན་པ། བོད་སྐྱོར་གྱི་སྙིང་སྟོབས་མུ་མཐུད་རྒྱུན་འཛིན་བཅས་བྱས་ཏེ་ཅི་ལིན་གྱི་བོད་སྐྱོར་ལས་དོན་གྱི་ལེའུ་གསར་པ་རྒྱུན་ཆད་མེད་པར་བརྩམས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།