དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས།

    《སློབ་གསོ་མཁས་ཅན་གྱི་སྙིང་སྟོབས་དར་སྤེལ་གྱིས་དུས་རབས་གསར་པའི་བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་དགེ་རྒན་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་སྐོར་གྱི་བསམ་འཆར》བཀྲམ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-08-28

    ཉེ་ཆར། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《སློབ་གསོ་མཁས་ཅན་གྱི་སྙིང་སྟོབས་དར་སྤེལ་གྱིས་དུས་རབས་གསར་པའི་བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་དགེ་རྒན་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་སྐོར་གྱི་བསམ་འཆར》བཀྲམ་པ་རེད།

    《བསམ་འཆར》ནང་བླང་བྱ་བཏོན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་གིས་སློབ་གསོའི་བྱ་གཞག་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་མཐའ་འཁྱོངས་བྱེད་པ། དུས་རབས་གསར་པའི་ཏང་གི་སློབ་གསོའི་མཛད་ཕྱོགས་དོན་འཁྱོལ་བྱེད་པ། མི་བཟང་གསོ་སྐྱོང་གི་རྩ་བའི་ལས་འགན་དོན་འཁྱོལ་བྱེད་པ། དགེ་རྒན་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་དེ་སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྱོང་གི་རྨང་གཞིའི་ལས་དོན་གལ་ཆེ་ཤོས་སུ་བརྩི་བ། སློབ་གསོ་མཁས་ཅན་གྱི་སྙིང་སྟོབས་ཀྱི་སྣེ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ། དགེ་རྒན་གྱི་དཔེ་ཁྲིད་མི་སྐྱོང་ནུས་པ་ཆེ་རུ་གཏོང་བ། དགེ་རྒན་གྱི་ཀུན་སྤྱོད་འཛུགས་སྐྱོང་གི་ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། དགེ་རྒན་དཔུང་ཁག་གི་སྒྱུར་བཅོས་གསར་གཏོད་གཏིང་ཟབ་ཏུ་གཏོང་བ། དགེ་རྒན་དཔུང་ཁག་འཛུགས་སྐྱོང་གི་མངོན་གསལ་དོད་པའི་ཞན་ཆ་གང་མགྱོགས་སེལ་བ། བྱང་ཚད་མཐོ་བའི་དགེ་རྒན་གསོ་སྐྱོང་དང་མཁོ་སྤྲོད་བྱེད་ཤུགས་ཆེ་རུ་གཏོང་བ། དགེ་རྒན་གྱི་ཐོན་ཁུངས་བཀོད་སྒྲིག་ལེགས་སུ་གཏོང་བ། ཀུན་སྤྱོད་བླ་ན་མེད་པ་དང་། ལས་སྒོ་བྱང་ཆུབ་པ། གྲུབ་ཆ་ལུགས་དང་མཐུན་པ། གསོན་ཤུགས་ཀྱིས་ཁེངས་པ་བཅས་ཀྱི་བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་དགེ་རྒན་དཔུང་ཁག་ཅིག་གཏོད་པ་བཅས་བྱས་ནས། སློབ་གསོ་དེང་རབས་ཅན་ལ་འགྱུར་མགྱོགས་སུ་གཏོང་བ་དང་། སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྱོང་བྱེད་པ། མི་དམངས་བློ་ཡིད་ཚིམ་པའི་སློབ་གསོ་ཡག་པོ་གཉེར་བ་བཅས་བྱ་ཆེད་སྲ་ཞིང་བརྟན་པའི་འདེགས་སྐྱོར་བྱེད་དགོས།

    ལས་དོན་ཁྲོད་སློབ་གསོ་མཁས་ཅན་གྱི་སྙིང་སྟོབས་མཐའ་འཁྱོངས་ཀྱིས་བློ་སྦྱོང་ལ་བརྟེན་ནས་དགེ་རྒན་དཔུང་ཁག་སྟོབས་ཆེར་བཏང་སྟེ། རྒྱ་ཆེའི་དགེ་རྒན་རྣམས་ལ་བདག་བས་གཞན་གཅེས་དང་ལྷག་བསམ་རྣམ་དག་གིས་རྒྱལ་ཁབ་ལ་བཀའ་དྲིན་འཇལ་བའི་ཕུགས་བསམ་དང་དད་སེམས་ཡོད་པ་དང་། ཁ་དན་ཚིག་གནས་དང་རང་དཔེ་གཞན་སྟོན་གྱི་ཀུན་སྤྱོད་ལྡན་པ། བློ་འབྱེད་སེམས་སྐྱོང་དང་སྣོད་བསྟུན་སློབ་ཁྲིད་ཀྱི་མི་སྐྱོང་བློ་གྲོས་ཡོད་པ། སློབ་བརྩོན་ལག་བསྟར་དང་བདེན་འཚོལ་གསར་གཏོད་ཀྱི་མི་སྣ་སྐྱོང་བའི་རྣམ་འགྱུར་ཡོད་པ། སློབ་ཁྲིད་ལ་དགའ་ཞིང་སློབ་མར་གཅེས་པ་དང་ལེགས་སྐྱེས་ཧུར་ཐག་འབུལ་བའི་བྱམས་བརྩེའི་བསམ་པ་ཡོད་པ། འཛམ་གླིང་ལ་ཁ་ཕྱོགས་པ་དང་རིག་གནས་ལ་བརྟེན་ནས་མི་སེམས་འདུལ་བའི་བདེན་ལམ་དོན་གཉེར་གྱི་སྙིང་སྟོབས་ཡོད་པ་བཅས་ལས་དགེ་རྒན་ཚོགས་སྤྱིའི་ཐུན་མོང་གི་རིན་ཐང་དོན་གཉེར་བྱས་ཡོད། སློབ་གསོ་མཁས་ཅན་གྱི་སྙིང་སྟོབས་གསོ་སྐྱོང་བྱ་རྒྱུ་མཐའ་འཁྱོངས་ཀྱིས་དགེ་རྒན་གསོ་སྐྱོང་དང་འཕེལ་རྒྱས་མཉམ་འདྲེས་བྱས་ཏེ་རྒྱུན་གཏན་ནས་འཇགས་པ་དང་། རྣམ་གྲངས་ཀྱི་ནུས་པ་ཐོན་པ།ལས་སྟེགས་ཀྱི་འདེགས་སྐྱོར་བྱེད་པ་བཅས་ཀྱི་དགེ་རྒན་འཕེལ་རྒྱས་ཀྱི་ཁོར་ཡུག་བཟང་པོ་གཏོད་དགོས། སློབ་གསོ་མཁས་ཅན་གྱི་སྙིང་སྟོབས་དར་སྤེལ་དང་ལག་ལེན་བསྟར་རྒྱུ་མཐའ་འཁྱོངས་བྱས་ཏེ་དགེ་རྒན་གྱི་སློབ་ཁྲིད་དང་། ཚན་རིག་ཞིབ་འཇུག སྤྱི་ཚོགས་ལག་ལེན་སོགས་ཀྱི་ལྷུ་ཚིགས་ཁག་ཏུ་ཁྱབ་པར་བྱས་ནས་སློབ་གསོ་མཁས་ཅན་གྱི་སྙིང་སྟོབས་ལག་ལེན་བསྟར་བའི་གཡུལ་ས་གཙོ་བོ་བརྟན་པོ་འཛུགས་དགོས། སློབ་གསོ་མཁས་ཅན་གྱི་སྙིང་སྟོབས་ཀྱིས་སྣེ་ཁྲིད་དང་སྐུལ་མ་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ་དགེ་རྒན་གྱི་ཚད་གཞིའི་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་དགེ་རྒན་ལ་དོ་དམ་དང་གདེང་འཇོག་བྱེད་པའི་བརྒྱུད་རིམ་ཧྲིལ་པོའི་ནང་བཅུག་ནས། རྒྱ་ཆེའི་དགེ་རྒན་ལ་སློབ་གསོ་མཁས་ཅན་གྱི་སྙིང་སྟོབས་དེ་བསམ་བློའི་རང་རྟོགས་དང་བྱ་སྤྱོད་ཀྱི་རང་རྟོགས་སུ་འགྱུར་བར་ཁྲིད་སྟོན་བྱེད་དགོས།

    ལོ་གསུམ་ནས་ལྔ་བར་འབད་བརྩོན་བྱས་པ་བརྒྱུད། སློབ་གསོ་མཁས་ཅན་གྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་བ་དང་། བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་དགེ་རྒན་དཔུང་ཁག་འཛུགས་སྐྱོང་ལ་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་པ། དགེ་རྒན་གྱི་ཀུན་སྤྱོད་རང་གཅུན་དང་། ལས་བཀུར་སློབ་བརྩོན། དཔེ་ཁྲིད་མི་སྐྱོང་བཅས་ཀྱི་རྣམ་པ་གསར་པ་མངོན་པ། དགེ་རྒན་ལ་བརྩི་བཀུར་དང་སློབ་གསོར་མཐོང་ཆེན་བྱེད་པའི་སྤྱི་ཚོགས་ཀྱི་རྣམ་པ་སྔར་བས་ཟབ་ཏུ་ཕྱིན་ཡོད། 2035ལོར་སླེབས་སྐབས་སློབ་གསོ་མཁས་ཅན་གྱི་སྙིང་སྟོབས་དེ་རྒྱ་ཆེའི་དགེ་རྒན་གྱི་རང་རྟོགས་དོན་གཉེར་ལ་འགྱུར་བ་དང་། དགེ་རྒན་དཔུང་ཁག་གི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་འགྱུར་བ། གྲངས་གཞི་ཅན་གྱི་ནུས་པ་ལྡན་པའི་དགེ་རྒན་འཕེལ་རྒྱས་གཏོང་རྒྱུ་དེ་རྒྱུན་གཏན་ལ་འགྱུར་བ། དགེ་རྒན་གྱི་གནས་བབ་སྲ་བརྟན་དང་མཐོ་རུ་གཏོང་བ། དགེ་རྒན་རྣམས་སྤྱི་ཚོགས་ཀྱི་བརྩི་འཇོག་དང་ཡིད་སྨོན་ཆེ་ཤོས་བྱེད་པའི་ལས་རིགས་ཀྱི་གྲས་ཤིག་ལ་འགྱུར་བ་བཅས་བྱས་ནས་ཕུལ་བྱུང་ཤེས་ལྡན་མི་སྣ་གཅིག་རྗེས་གཉིས་མཐུད་ངང་དགེ་རྒན་གྱི་དཔུང་ཁག་ནང་ཞུགས་པ་དང་ཕུལ་བྱུང་དགེ་རྒན་རྒྱུན་ཆད་མེད་པར་ཐོན་པའི་རྣམ་པ་བཟང་པོ་ཞིག་ཆགས་པར་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།