དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་ཞིང་ཆེན་ཆུ་དམར་ལེབ་རྫོང་དམར་ཕྱུག་གྲོང་ཚོའི་འབྲོག་པ་སྐྱེ་ཁམས་བདག་སྐྱོང་བར་གྱུར་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-08-27

    འདམ་ཆུའི་འདམ་ར་ནི་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་ཆུ་དམར་ལེབ་རྫོང་འབའ་དགོན་ཤང་དམར་ཕྱུག་གྲོང་ཚོར་གནས་པ་དང་། རྨ་ཆུའི་སྟོད་རྒྱུད་ཀྱི་ཡོས་ཁོག་རྫོང་ལེབ་ཆུ་དང་བར་ཐག་སྤྱི་ལེ་བརྒྱ་ལྷག་ཙམ་ཡོད་ཅིང་། འབྲི་ཆུའི་ཆུ་འགོའི་ཆུ་ལག་གལ་ཆེན་ཏང་ཨ་ཆུ་བོ་གྲོང་ཚོ་དེ་བརྒྱུད་ནས་རྒྱུག་གི་ཡོད།

    ཉིན་དེ་དག་རིང་དམར་ཕྱུག་གྲོང་ཚོའི་ཧྲུའུ་ཅི་དང་པོ་ཀརྨ་དབང་ཕྱུག་དང་གྲོང་ཚོའི་ཏང་ཡོན་དང་སྐོར་སྲུང་རུ་མི་ལས་བྲེལ་ཆེན་པོ་ཡོད་པ་རེད། ཀརྨ་དབང་ཕྱུག་གི་ངོ་གདོང་དམར་སྨུག་ཏུ་གྱུར་ཡང་འཛུམ་འཚེར་འཚེར་ངང“‘སྐུ་མགྲོན’ལ་སྣེ་ལེན་ཡག་པོ་ཞུ་དགོས”ཞེས་བཤད།

    ཀརྨ་དབང་ཕྱུག་གིས་བརྗོད་པའི“སྐུ་མགྲོན”ནི་ལོ་ལྟར་དེ་གར་འཕུར་ཡོང་བའི་དུས་བྱ་དག་རེད། ཉེ་བའི་ལོ་ཤས་རིང་འབྲོག་པ་མང་པོ་ཞིག་སྐྱེ་ཁམས་བདག་སྐྱོང་བར་གྱུར་ཡོད། “ང་ཚོའི་གྲོང་ཚོའི་སྐོར་སྲུང་རྒྱ་ཁྱོན་མུའུ་ཁྲི་103ཟིན་པ་དང་སྐྱེ་ཁམས་བདག་སྐྱོང་བ་30ཡོད། ཚང་མའི་ཉིན་རེའི་ལས་འགན་ནི་རྟ་དང་སྦག་སྦག་བཞོན་ནས་སྐོར་སྲུང་ལ་བསྐྱོད་རྒྱུ་དེ་རེད”ཅེས་ཀརྨ་དབང་ཕྱུག་གིས་བཤད།

    སྐྱེ་ཁམས་བདག་སྐྱོང་བ་30ཡི་ནང་ནས་4ནི་ཏང་ཡོན་ཡིན་པ་དང་བཀྲ་འཇམ་ནི་དེའི་ནང་གི་གྲས་ཤིག་རེད། དེ་གོང་བཀྲ་འཇམ་སྐོར་སྲུང་ལ་སྐྱོད་སྐབས་འབྲོང་དང་གསའ་སོགས་སྲོག་ཆགས་མཐོང་མོད། འོན་ཀྱང་བློ་ཕམ་དགོས་པ་ཞིག་ལ་སྐབས་དེ་དུས་བར་ཐག་ཅུང་རིང་བའི་དབང་གིས་དུས་ཐོག་ཏུ་པར་རྒྱག་ཐུབ་མེད། ཀརྨ་དབང་ཕྱུག་སླེབས་རྗེས་མ་དངུལ་གྲབས་གསོག་བྱས་ཏེ་སྐོར་སྲུང་རུ་ཁག་ལ་ཆེད་ལས་པར་ཆས་གཉིས་སྤྲད་པ་དང་། ཁོང་གིས་བཀྲ་འཇམ་ལ“ང་ཚོས་སྦག་སྦག་བཞོན་ནས་སྐོར་སྲུང་བྱེད་དགོས་པ་མ་ཟད། ད་དུང་ལྟ་ཞིབ་དང་ཟིན་ཐོ་འགོད་པར་ཡང་སྣང་འཇོག་བྱེད་དགོས”ཞེས་བཤད་པ་རེད།

    སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པར་སྐྱེ་ཁམས་བདག་སྐྱོང་བའི་འབད་བརྩོན་ལ་བརྟེན་དགོས་ལ། འབྲོག་ཁུལ་མང་ཚོགས་དེའི་ནང་ཞུགས་པ་དང་དེ་བས་ཁ་འབྲལ་ཐབས་མེད། གྲོང་ཚོའི་ཚན་རིག་ཁྱབ་གདལ་ཁང་དུ་སྐྱོད་སྐབས་སྨི་ངོས་གྲུ་20ཙམ་གྱི་ཁང་པ་ཐོག་གཅིག་མ་གཉིས་ཀྱི་ནང་དུ་ནང་དོན་ཕུན་སུམ་ཚོགས་པའི་འགྲེམས་སྟོན་བྱས་ཡོད་དེ། ཁང་པ་གཅིག་གི་ནང་དུ་འདམ་ར་དང་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་བརྗོད་དོན་གཙོ་བོར་བྱས་ནས་འདམ་ཆུའི་འདམ་རའི་སྲོག་ཆགས་ཀྱི་པར་མང་པོ་གྱང་ལྡེབས་སུ་བཀལ་ཡོད་པ་དང་། ཁང་པ་གཅིག་ཤོས་ནི་རྩི་ཤིང་གི་དངོས་དཔེ་ཁང་ཡིན་ཞིང་། ཁང་པའི་དཀྱིལ་དུ་ད་དུང་བྱེ་གཞོང་ཞིག་ཡོད་པ་ནི་འདམ་ཆུའི་འདམ་ར་ངོ་སྤྲོད་བྱེད་ཆེད་དུ་བཟོས་པ་ཞིག་རེད།

    “ངས‘སྲུང་སྐྱོང’ལ་རྒྱུས་མངའ་སྔར་བས་ཟབ་ཏུ་ཕྱིན་སོང” “དམར་ཕྱུག་རྩྭ་ཐང་སྲུང་སྐྱོང་བྱ་རྒྱུ་དེ་གྲོང་མི་ཚང་མའི་སེམས་སུ་འཇགས་ཐུབ་པ་བྱ་རྒྱུ་ཡིན” ལོ་མང་རིང་བསམ་གཞིག་བྱེད་ཀྱིན་ལས་དོན་བསྒྲུབས་པ་ལས་ཀརྨ་དབང་ཕྱུག་གི་གོ་རྟོགས་སྔར་བས་མཐོ་རུ་སོང་ཞིང་། དུད་ཚང་དུ་ས་གནས་དེ་གའི་འདམ་ར་སྲུང་སྐྱོང་སྲིད་ཇུས་དང་གད་སྙིགས་རིགས་དབྱེ་བྱེད་ཐབས་སྒྲོག་འགྲེལ་བྱ་རྒྱུ་དེའང་ཀརྨ་དབང་ཕྱུག་གི་ལས་ཀ་གལ་ཆེན་ཞིག་ཏུ་གྱུར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།