དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རྒྱལ་ཡོངས་ཀྱི་བོད་ལུགས་གསོ་རིག་རུས་ནད་རིག་གཞུང་བགྲོ་གླེང་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-08-27

    ཉེ་ཆར་རྒྱལ་ཡོངས་ཀྱི་བོད་ལུགས་གསོ་རིག་རུས་ནད་རིག་གཞུང་བགྲོ་གླེང་ཚོགས་འདུ་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་བྲག་དཀར་རྫོང་དུ་འཚོགས་པ་རེད།

    བགྲོ་གླེང་ཚོགས་འདུའི་དམིགས་ཡུལ་ནི་བོད་ལུགས་གསོ་རིག་རུས་ནད་རིག་པའི་རྒྱུན་འཛིན་དང་གསར་གཏོད་ལ་མུ་མཐུད་སྐུལ་འདེད་གཏོང་བ་དང་། བོད་ལུགས་གསོ་རིག་རུས་ནད་རིག་པའི་རིག་གཞུང་ཆུ་ཚད་མཐོ་རུ་དང་ནད་ཐོག་སྨན་བཅོས་ཀྱི་རྩལ་ནུས་ཆེ་རུ་གཏོང་བ། བོད་ལུགས་གསོ་རིག་རུས་ནད་རིག་པ་དུས་རབས་གསར་པའི་འཕེལ་རྒྱས་ཀྱི་དགོས་མཁོ་དང་སྔར་བས་འཚམ་པ། བོད་ལུགས་གསོ་རིག་རུས་ནད་རིག་པའི་ཤེས་ལྡན་པའི་འབྲེལ་ཟམ་དང་སློབ་སྦྱོང་ལས་སྟེགས་སྐྲུན་པ་བཅས་བྱེད་ཆེད་རེད།

    ཚོགས་འདུའི་ཐོག་བྲག་དཀར་རྫོང་སྨན་རྩིས་ཁང་དང་མཚོ་སྔོན་ཞིང་ཆེན་ཕྱི་ནང་གི་སྨན་རྩིས་ཁང་ཁག་གཅིག་དབར་རུས་ནད་ཆེད་ཚན་གྱི་མནའ་འབྲེལ་གྲོས་མཐུན་བཞག་ཅིང་། བོད་ལུགས་གསོ་རིག་རུས་ནད་རིགས་གཅིག་མཁས་ཅན་དང་མཁས་དབང་མང་པོས་བོད་ལུགས་གསོ་རིག་རུས་ནད་ཀྱི་རྨང་གཞིའི་ཞིབ་འཇུག་དང་། ནད་ཐོག་སྨན་བཅོས་ཉེར་སྤྱོད། དྲག་སྐྱེད་སྨན་བཅོས་སོགས་ཀྱི་གྲོས་གཞི་མང་པོར་དམིགས་ནས་སྤེལ་རེས་དང་གྲོས་བསྡུར་འཁྲུག་པོ་བྱས་ཏེ་རང་སོ་སོའི་ཞིབ་འཇུག་གྲུབ་འབྲས་དང་ནད་ཐོག་སྨན་བཅོས་ཀྱི་ཉམས་མྱོང་མཉམ་སྤྱོད་བྱས་པ་རེད། བགྲོ་གླེང་ཚོགས་འདུའི་ཐོག་ནད་ཐོག་ལག་ལེན་ཁྲོད་ཀྱི་བོད་ལུགས་གསོ་རིག་རུས་ནད་ཀྱི་དམིགས་བསལ་ལེགས་ཆ་དང་ཉེར་སྤྱོད་རིན་ཐང་མངོན་པར་བྱས་པས། བོད་ལུགས་གསོ་རིག་རུས་ནད་སྨན་བཅོས་ཀྱི་ཆུ་ཚད་དང་ཞབས་ཞུའི་སྤུས་ཚད་སྔར་བས་མཐོ་རུ་ཕྱིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།