ཞའོ་མའོ་གྲུ་ཁས་ནུས་རྒྱུ་གསར་པའི་རླངས་འཁོར་ཕྱིར་གཏོང་ལས་ལ་བྲེལ་བ།
ཟླ་8ཚེས་21ཉིན་ཧྲེན་ཧྲན་དམིགས་བསལ་མཉམ་ལས་ཁུལ་གྱི་ཞའོ་མའོ་རྒྱལ་སྤྱིའི་ཟོག་འགྲེམས་གྲུ་ཁར་རླངས་འཁོར་བླུགས་པའི་གྲུ་ཞིག་དལ་གྱིས་གྲུ་ཁར་འབྱོར་བ་དང་དེས་རྒྱལ་ནང་གིས་ཐོན་སྐྱེད་བྱས་པའི་ནུས་རྒྱུ་གསར་པའི་རླངས་འཁོར་2000ཙམ་སིང་ཀ་ཕོར་དང་། ཝེ་ཐེ་ནམ། ཧིན་རྡུ་ཉི་ཞི་ཡ་སོགས་རྒྱལ་ཁབ་ཏུ་སྐྱེལ་འདྲེན་བྱ་རྒྱུ་ཡིན་ཞིང་། འདི་ནི་གྲུ་ཁ་དེས་འདི་ལོ་རླངས་འཁོར་བླུགས་པའི་གྲུ་གཟིངས་གཏོང་ཐེངས་12པ་དེ་ཡིན་པ་རེད། གྲངས་གཞི་ལས་མངོན་པར། འདི་ལོའི་ལོ་སྟོད་དུ་ཧྲེན་ཀྲེན་གློག་སྒུལ་རླངས་འཁོར་བརྟན་པོའི་ངང་འཕར་བའི་རྣམ་པ་རྒྱུན་འཁྱོངས་ཐུབ་ནས་ཕྱིར་ཚོང་བསྡོམས་འབོར་སྒོར་དུང་ཕྱུར་128.7ཟིན་ནས་51.7%འཕར་ཞིང་། འདི་ནི་ཞའོ་མའོ་རྒྱལ་སྤྱིའི་ཟོག་འགྲེམས་གྲུ་ཁའི་ནུས་རྒྱུ་གསར་པའི་རླངས་འཁོར་བླུགས་རྒྱུ་བསྒུགས་ནས་བསྡད་ཡོད་པ།