དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཟླ་བ་7པར་དམངས་སྤྱོད་མཁའ་འགྲུལ་གྱི་སྐྱེལ་འདྲེན་གཞི་ཁྱོན་ཟླ་འཁོར་གྱི་ལོ་རྒྱུས་ཟིན་ཐོ་གསར་པ་བཏོད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-08-27

    ཉེ་ཆར་གསར་འགོད་པས་ཀྲུང་གོ་དམངས་སྤྱོད་མཁའ་འགྲུལ་ཅུས་ཀྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར། ཟླ་བ་7པར་མཁའ་འགྲུལ་སྐྱེལ་འདྲེན་གྱི་ཐོན་སྐྱེད་ཐད་འགྲུལ་ཟོག་དབོར་འདྲེན་བྱེད་ཚད་གཉིས་ཀ་མཐོ་པོ་མངོན་པ་དང་དམངས་སྤྱོད་མཁའ་འགྲུལ་གྱི་སྐྱེལ་འདྲེན་གཞི་ཁྱོན་ཟླ་འཁོར་གྱི་ལོ་རྒྱུས་ཟིན་ཐོ་གསར་པ་བཏོད་ཡོད།

    ངོ་སྤྲོད་བྱས་པར་གཞིགས་ན། ཟླ་7པར་ལས་རིགས་ཡོངས་ཀྱི་སྐྱེལ་འདྲེན་འཁོར་རྒྱུག་བསྡོམས་འབོར་སྤྱི་ལེ་ཏུན་དུང་ཕྱུར་136.3ཟིན་པ་དེ་དུས་མཚུངས་ལས་19.9%འཕར་བ་དང་2019ལོའི་དུས་མཚུངས་ལས་20.3%འཕར་ཡོད། འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་6913.6ཟིན་པ་དེ་དུས་མཚུངས་ལས་10.8%འཕར་བ་དང་2019ལོའི་དུས་མཚུངས་ལས་16.6%འཕར་ཡོད།

    2024ལོའི་དབྱར་ཁའི་གུང་གསེང་གི་སྐྱེལ་འདྲེན་ཐད་སྔར་བཞིན་སྐྱེལ་འདྲེན་བྱེད་མང་བའི་དུས་ཚིགས་ཀྱི་འཕེལ་ཕྱོགས་རྒྱུན་མཐུད་ཐུབ་ནས་ཟླ་8ཚེས་20ཉིན་བར་རིམ་རྩིས་བྱས་ན་འགྲུལ་པ་མི་ཐེངས་དུང་ཕྱུར་1.17སྐྱེལ་འདྲེན་བྱས་ཡོད་པ་དང་ཉིན་རེར་ཆ་སྙོམས་མི་ཐེངས་ཁྲི་228.6ཟིན་པ་དེ་དུས་མཚུངས་ལས་11%འཕར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།