དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • སྡེ་ཚན་གཉིས་ཀྱིས་སྒོར་ཁྲི་5000སྔོན་ལ་བཏང་ནས་ལེའོ་ཉིང་གི་འབྲུབ་འགོག་གེགས་སེལ་ལ་རྒྱབ་སྐྱོར་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-08-27

    ལེའི་ཉིང་ཞིང་ཆེན་གྱི་ནུབ་རྒྱུད་དང་ལྷོ་རྒྱུད་དུ་དྲག་ཆར་བབས་ནས་ཆུ་ལོག་གི་གནོད་འཚེ་ཐོན་པར་དམིགས་ཏེ། ཚེས་23ཉིན་ནོར་སྲིད་པུའུ་དང་འཕྲལ་སྡོམ་དོ་དམ་པུའུ་ཡིས་ཀྲུང་དབྱང་གི་རང་བྱུང་གནོད་འཚེའི་གེགས་སེལ་མ་དངུལ་སྒོར་ཁྲི་5000སྔོན་ལ་སྤྲད་ནས་ལེའོ་ཉིང་ཞིང་ཆེན་གྱིས་འབྲུབ་འགོག་གེགས་སེལ་ལས་དོན་སྤེལ་རྒྱུར་རྒྱབ་སྐྱོར་བྱས་ཤིང་། དངུལ་དེ་དག་གཙོ་བོ་གནོད་འཚེ་ཕོག་པའི་མི་སྣ་འཚོལ་སྐྱོབ་དང་གནས་སྤོ་བཀོད་སྒྲིག་དང་། ཉེན་སེལ་སོགས་འཕྲལ་སྡོམ་ཐག་གཅོད། ཞོར་ཐོན་གནོད་འཚེའི་མངོན་མེད་རྐྱེན་ངན་གྲལ་བཤེར། མི་སེར་གྱི་སྡོད་ཁང་ཉམས་གསོ་སོགས་ཐད་སྤྱད་དེ་གནོད་འཚེའི་གྱོང་གུན་ཆུང་དུ་གཏོང་གང་ཐུབ་བྱ་རྒྱུ་རེད།

    འདི་ག་ཚགས་པར་ཁང་དུ་ཧུའུ་ལུའུ་ཏའོ་ནས་ཟླ་8ཚེས་24ཉིན་གློག་འཕྲིན་འབྱོར་གསལ། ཟླ་8ཚེས་23ཉིན་ལེའོ་ཉིང་ཞིང་ཆེན་ཧུའུ་ལུའུ་ཏའོ་གྲོང་ཁྱེར་ཅན་ཁྲང་རྫོང་ཏ་ཐུན་གྲོང་རྡལ་དུ་རྒྱལ་ཁབ་དྲ་བའི་ཧུའུ་ལུའུ་ཏའོ་གློག་གཏོང་ཀུང་སིའི་གློག་ཤུགས་མྱུར་བཟོ་རུ་ཁག་གིས་དུས་ཚོད་དམ་འཛིན་གྱིས་ལས་ཀ་བྱེད་བཞིན་ཡོད་པ་རེད།

    ཚེས་23ཉིན་གྱི་དགོང་མོ་གསར་འགོད་པས་ཧུའུ་ལུའུ་ཏའོ་གྲོང་ཁྱེར་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར། ཧུའུ་ལུའུ་ཏའོ་གྲོང་ཁྱེར་གྱིས་རིམ་རྩིས་བྱས་ན་རོགས་སྐྱོབ་དཔུང་ཁག་934དང་མི་ཐེངས་29924མངགས་གཏོང་བྱས་ཡོད་པ་རེད། མིག་སྔར་རིམ་རྩིས་བྱས་ན་ཉེན་ཁ་འཕྲད་པའི་མི་སྣ་769སྐྱོབ་ཐུབ་པ་དང་གྲོང་ཁྱེར་དེ་ཡོངས་ཀྱིས་རིམ་རྩིས་བྱས་ན་མི་50013གནས་སྤོ་བྱས་པ་དང་། ཤང་དང་གྲོང་རྡལ་དང་གྲོང་ཚོ་ཚང་མར་འབྲེལ་བ་བྱེད་ཐུབ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།