དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀེ་ལན་ཧྲིས་ཐོན་སྐྱེད་སྒྲིག་ཆས་རང་བརྟེན་ཞིབ་སྤེལ་བྱས་ནས་ཐོན་སྐྱེད་དང་མཁོ་ཚོང་གཞི་གཅིག་ཅན་ལ་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-08-27

    ཀོང་ཏུང་ཞིང་ཆེན་ཧྥོ་ཧྲན་གྲོང་ཁྱེར་ཧྲུན་ཏེ་ཆུས་ཀྱི་ཀེ་ལན་ཧྲི་བཟོ་ལས་4.0ཡི་བཟོ་སྐྲུན་རྟེན་གཞིར་ཝེ་པོ་ཚ་ཐབ་གཅིག་བཟོ་བར་སྐར་ཆ་6.7ལས་འགོར་གྱི་མེད། རྟེན་གཞིའི་ནང་གྲངས་འཛིན་རིག་ནུས་ཅན་གྱི་ཐོན་སྐྱེད་བརྒྱུད་རིམ་15ཡིས་ཐེག་ཚད་ཆེ་ཤོས་ཀྱི་སྒོ་ནས་འཁོར་སྐྱོད་བྱེད་པ་དང་། ཐོན་སྐྱེད་བརྒྱུད་རིམ་རེ་རེར་འཕྲུལ་མི་17གྱིས་འཕྲུལ་ཆས་ཀྱི་ལག་པ་སེར་པོ་འགུལ་ནས་གོ་རིམ་ལྡན་པའི་ངང་ལས་རིམ་ཁག་སྒྲུབ་བཞིན་ཡོད་པ་རེད།

    “གྲངས་འཛིན་རིག་ནུས་ཅན་གྱི་སྒྱུར་བཀོད་བྱས་རྗེས། ཀེ་ལན་ཧྲི་ཝེ་པོ་ཚ་ཐབ་ཀྱི་ཐོན་སྐྱེད་ལས་ཆོད་ནི་སྔོན་ཆད་ཀྱི་ལྡབ་9ཡིན”ཀེ་ལན་ཧྲི་བཟོ་ལས་4.0ཡི་བཟོ་སྐྲུན་རྟེན་གཞིས་རང་འགུལ་ངང་རྒྱུ་ཆ་འདོན་པ་ནས་དབོར་འདྲེན་དང་། སྒྲིག་སྦྱོར། ཞིབ་དཔྱད། ཐུམ་སྒྲིལ་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོ་གྲངས་འཛིན་རིག་ནུས་ཅན་སྒྱུར་བཀོད་བྱས་པ་དང་། རང་གི་ཁྱད་ཆོས་དང་འཚམ་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་བསྐྱོད་ཡོད་ཅེས་ཀོང་ཏུང་ཞིང་ཆེན་ཀེ་ལན་ཧྲི་ཚོགས་པ་ཚད་ཡོད་ཀུང་སིའི(གཤམ་དུ“ཀེ་ལན་ཧྲི”ཞེས་བསྡུ་རྒྱུ)གློག་ཆས་ལྷུ་ལག་བཟོ་སྐྲུན་པུའི་སྤྱི་ཁྱབ་ལྟ་ཞིབ་པ་གཞོན་པ་ཞུང་ཀྲི་ཁང་གིས་བརྗོད།

    གྲངས་འཛིན་རིག་ནུས་ཅན་གྱི་ཐོན་ལས་འཁོར་འབྲེལ་བཏོད་པ།

    2012ལོར་ཀེ་ལན་ཧྲིས་རྒྱལ་སྤྱིའི་སྤུས་ཚད་ཚད་གཞི་རྩེ་གྲ་དང་བསྟུན་ནས་ཝེ་པོ་ཚ་ཐབ་བཟོ་བའི་རང་འགུལ་ཅན་ཡོངས་ཀྱི་སྒྲིག་སྦྱོར་ཐོན་སྐྱེད་བརྒྱུད་རིམ་སོགས་གཏན་འཁེལ་བྱས་ཤིང་། སྟོད་རྒྱུད་ཀྱི་ལྟེ་བའི་ལེ་ལག་ཚང་བའི་ཐོན་ལས་ཀྱི་དཔེ་དུམ་ཅན་དང་། ཚད་ལྡན་ཅན། ཚད་གཞི་ཅན་བཅས་ནས་འཕྲུལ་ཆས་ཧྲིལ་པོའི་རང་འགུལ་ཅན་དང་རིག་ནུས་ཅན་གྱི་ཐོན་སྐྱེད་བར་གྱི་ལེ་ལག་ཡོངས་ཐོན་ལས་འཁོར་འབྲེལ་རྩེ་གྲའི་ཕྱོགས་སུ་འཕེལ་བར་རྒྱུན་ཆད་མེད་པར་སྐུལ་ཁྲིད་བྱས་ཡོད།

    སྔོན་ཆད་ཀེ་ལན་ཧྲི་དང་མཁོ་འདོན་ཚོང་པའི་དབར་ཁ་པར་ནས་ཚོང་ཟོག་ཉོ་བ་དང་སྨྱུ་གུ་སྤྱད་ནས་ཟིན་ཐོ་འགོད་དགོས་ཀྱི་ཡོད་ཅིང་། འབྲེལ་གཏུག་བྱེད་ནོར་ཐེངས་གཅིག་བྱུང་ཚེ་ལྷུ་ལག་གཞན་དག་དུས་ཐོག་ཏུ་མཁོ་སྤྲོད་འདང་ངེས་བྱེད་མི་ཐུབ་པར་གྱུར་ཏེ་ཀུང་སིར་གྱོང་གུན་ཕོག་གི་ཡོད་པ་རེད།

    ད་ཆ་ཀེ་ལན་ཧྲིས་འཛམ་གླིང་རིམ་པའི་སྒྲོན་ལྕོག་བཟོ་གྲྭའི་ཚད་གཞི་ལྟར་རིག་ནུས་བཟོ་སྐྲུན་ལ་སྐུལ་འདེད་བཏང་ཞིང་། འཐུས་སྒོ་ཚང་བའི་བཟོ་ལས་ཀྱི་དྲ་སྦྲེལ་སྐྱེ་ཁམས་བཏོད་དེ་ཆ་འཕྲིན་སྤེལ་རེས་ཚང་མ་དྲ་ཐོག་ལས་སྟེགས་ནས་གཉེར་ཏེ་ལམ་སེང་འབྲེལ་གཏུག་ཐུབ་པར་བྱས་ཡོད།

    གྲངས་འཛིན་རིག་ནུས་ཅན་གྱི་སྒྱུར་བཀོད་ཀྱིས་གསར་གཏོད་ཀྱི་གསོན་ཤུགས་འཕེལ་བར་བྱས་པ།

    ཚོར་ཆས་སྙོམ་སྒྲིག་ཚོད་ལྟ་དང་3Dདཔེ་དབྱིབས་བཟོ་འགོད་སོགས་ཀྱི་ལས་ཀ་བྱེད་མཁན་ཏེ། ཀེ་ལན་ཧྲིའི་སྐྱེ་ཕྲ་རང་འགུལ་ཅན་གསར་སྤེལ་པུའི་ཁོངས་མི་95ནང་སྐྱེས་ཀྱི་ཐང་ཀྲི་ཡིས་ཀེ་ལན་ཧྲིའི“རིག་ནུས་ཅན་གྱི་སྒྱུར་བཀོད”ཁྲོད་ཀ་གདུང་ལྟར་འགན་འཁུར་གྱི་ཡོད་ཅིང་། ཁོང་གིས“གྲངས་རིག་ཅན་དང་འབྲེལ་བའི་ཁྱབ་ཁོངས་ཧ་ཅང་རྒྱ་ཆེ་བས། གཞོན་ནུ་ཚོའི་གསར་གཏོད་རང་བཞིན་གྱི་བསམ་ཚུལ་གང་ལེགས་འདོན་ཆོག སྔོན་ཆད་ཝེ་པོ་ཚ་ཐབ་སྤྱི་ཁྱབ་སྒྲིག་སྦྱོར་བརྒྱུད་རིམ་དུ་སྒམ་ནང་ཐོན་རྫས་འཇུག་པར་མི་ཐབས་ལ་བརྟེན་གྱི་ཡོད། ང་དང་ལས་རོགས་ཚོས་རང་འགུལ་སྒམ་འཇུག་སྒྲིག་ཆས་གསར་སྤེལ་བྱས་པས་སྒམ་འཇུག་གི་ལས་ཆོད་ཆེས་ཆེར་མཐོ་རུ་སོང་ཡོད་ཅེས་ངོ་སྤྲོད་བྱས།

    “ཀེ་ལན་ཧྲིས་རང་བརྟེན་ཞིབ་སྤེལ་བྱས་པའི་རང་འགུལ་ཅན་གྱི་སྒྲིག་བཀོད་ད་ཆ་རིག་ནུས་ཅན་སྒྱུར་བཀོད་ཀྱི་སྟོབས་ཤུགས་གཙོ་བོར་གྱུར་ཡོད”ཀེ་ལན་ཧྲིའི་རིག་ནུས་ཅན་གྱི་སྒྱུར་བཀོད་ཁྲོད་ཡོངས་ཁྱབ་ཏུ་སྤྱོད་པའི་འཕྲུལ་ཆས་ཁ་ཤས་ལས་གཞན་གསར་དུ་བེད་སྤྱོད་བྱེད་པའི་རང་འགུལ་ཅན་གྱི་སྒྲིག་བཀོད་ཕལ་ཆེ་བ་ནི་རང་བརྟེན་ཞིབ་བཟོ་དང་སྒྱུར་བཀོད་བྱས་པ་ཡིན་ཞེས་ཀེ་ལན་ཧྲི་ཝེ་པོ་ཚ་ཐབ་ལག་རྩལ་དོ་དམ་ལྟེ་གནས་ནང་འཚོང་གསར་སྤེལ་པུའི་འགན་འཁུར་བ་ཞུས་ཧྭ་ཧྥེང་གིས་ངོ་སྤྲོད་བྱས།

    ཞིབ་སྤེལ་ལྷུ་ཚིགས་སུ་ཀེ་ལན་ཧྲིས་རབས་གསར་པའི་ཆ་འཕྲིན་ལག་རྩལ་ཏེ། དཔེར་ན་སྤྲིན་ཚོམ་རྩིས་རྒྱག་དང་། གྲངས་གཞི་ཆེན་པོ། ཟོག་འགྲེམས་དྲ་བ། མི་ཐབས་རིག་ནུས་སོགས་ནང་འདྲེན་བྱས་ནས་ཁེ་ལས་ཀྱི་ཞིབ་སྤེལ་ལས་ཆོད་ལེགས་སུ་བཏང་ཡོད།

    “ཀྲུང་གོའི་རིག་སྟོབས་བཟོ་སྐྲུན”ཕྱིར་བསྐྱོད་རྒྱུར་རམ་འདེགས་བྱས་པ།

    ཀེ་ལན་ཧྲི་བཟོ་ལས་4.0ཡི་བཟོ་སྐྲུན་རྟེན་གཞི་དང་ཧྲེན་ཀྲེན་ཡན་ཐེན་གྲུ་ཁ་དང་། ཀོང་ཀྲོའུ་ནན་ཧྲ་གྲུ་ཁ། ཀྲུང་ཧྲན་གྲུ་ཁ་བཅས་སུ་དོས་སྒམ་སྐྱེལ་འདྲེན་རླངས་འཁོར་ཆེ་གྲས་ཕར་འགྲོ་ཚུར་འོང་བྱེད་ཅིང་། ཉིན་ལྟར་ཚད་གཞི་མི་འདྲ་བ་དང་ནུས་པ་མི་འདྲ་བའི་ཀེ་ལན་ཧྲིའི་ཝེ་པོ་ཚ་ཐབ་ཁྲི་10ཙམ་གོ་ལ་ཧྲིལ་པོའི་རྒྱལ་ཁབ་དང་ས་ཁུལ་200ཙམ་ལ་འཚོང་གི་ཡོད།

    མིག་སྔར། ཀེ་ལན་ཧྲིས་གོ་ལ་ཧྲིལ་པོའི་རྒྱལ་ཁབ་དང་ས་ཁུལ་10ལྷག་ཙམ་དུ་ཡན་ལག་ཀུང་སི་དང་ཞིབ་སྤེལ་ལྟེ་གནས་བཙུགས་ནས་རྒྱལ་ཁབ་དང་ས་ཁུལ་200ཙམ་གྱི་འཛད་སྤྱོད་པར་ཐོན་རྫས་དང་ཞབས་ཞུ་མཁོ་འདོན་བྱེད་ཀྱི་ཡོད་ཅིང་། དེའི་ནང་རྒྱལ་ཁབ་དང་ས་ཁུལ་60ལྷག་ཙམ་དུ་རང་བརྟེན་སྤུས་རྟགས་ཀྱི་ཀེ་ལན་ཧྲིའི་ཐོན་རྫས་ཕྱིར་ཚོང་བྱེད་ཀྱི་ཡོད།

    ཀེ་ལན་ཧྲིའི་བཟོ་ལས་4.0ཡི་བཟོ་སྐྲུན་རྟེན་གཞིའི་ཐོན་སྐྱེད་འཁོར་ཁང་དུ། ཝེ་པོ་ཚ་ཐབ་དང་རླངས་བཙོས་སྲེག་ཆས་གཞི་གཅིག་ཅན་གྱི་རབས་གསར་པའི་རིག་ནུས་འཕྲུལ་ཆས་བཟོས་ནས་རིམ་པ་བཞིན་ཡུལ་ཕྱོགས་སོ་སོར་འཚོང་གི་ཡོད། ཞུང་ཀྲི་ཁང་གིས་ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔར་ཀེ་ལན་ཧྲིའི་གྲངས་རིག་ཅན་གྱི་ཐོན་སྐྱེད་བརྒྱུད་རིམ་གྱིས་རང་བརྟེན་སྤུས་རྟགས་ཀྱི་རིག་ནུས་ཁྱིམ་སྤྱོད་གློག་ཆས་དང་དེ་བཞིན་རྩེར་སོན་རིག་ནུས་ཅན་གྱི་ཐོན་རྫས་སྣ་ཚོགས་གཅིག་སྡུད་ཐོག་ཐོན་སྐྱེད་བྱས་ནས་གོ་ལ་ཧྲིལ་པོའི་ཁྲོམ་རའི་སྤུས་ལེགས་ཀྱི་འཚོ་བའི་དགོས་མཁོ་སྐོང་བཞིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།