དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • གྲངས་ཉུང་དངུལ་བུན་ཀུང་སིར་ལྟ་འདོམས་བྱེད་པའི་གནས་སྐབས་ལག་བསྟར་བྱ་ཐབས་ཐད་བསམ་འཆར་བསྡུ་ལེན་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-08-27

    གྲངས་ཉུང་དངུལ་བུན་ཀུང་སིའི་བྱ་སྤྱོད་ཚད་ལྡན་དུ་གཏོང་བ་དང་། ལྟ་འདོམས་ལ་ཤུགས་སྣོན་བརྒྱབ་སྟེ་གྲངས་ཉུང་དངུལ་བུན་ཀུང་སིའི་གཉེར་སྐྱོང་བརྟན་པོ་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད། རྒྱལ་ཁབ་དངུལ་རྩའི་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱིས《གྲངས་ཉུང་དངུལ་བུན་ཀུང་སིར་ལྟ་འདོམས་བྱེད་པའི་གནས་སྐབས་ལག་བསྟར་བྱ་ཐབས(བསམ་འཆར་བསྡུ་ལེན་མ་ཟིན)》ཞིབ་འཇུག་བྱས་ནས་བཟོས་པ་རེད། དེའི་ནང་དྲ་རྒྱའི་གྲངས་ཉུང་དངུལ་བུན་ཀུང་སིས་དངུལ་བུན་གཡར་མཁན་གཅིག་ལ་འཛད་སྤྱོད་ཐད་སྤྱོད་པའི་དངུལ་བུན་ལྷག་གྲངས་མི་དམངས་ཤོག་སྒོར་ཁྲི་20ལས་བརྒལ་མི་ཆོག་པ་དང་། ཐོན་སྐྱེད་གཉེར་སྐྱོང་ཐད་སྤྱོད་པའི་དངུལ་བུན་ལྷག་གྲངས་ཁག་མི་དམངས་ཤོག་སྒོར་ཁྲི་1000ལས་བརྒལ་མི་ཆོག་པ་བཏོན་པ་རེད།

    གནས་སྐབས་ལག་བསྟར་བྱ་ཐབས་ཀྱིས་གྲངས་ཉུང་དངུལ་བུན་ཀུང་སིའི་ཀུང་སི་བཅོས་སྐྱོང་དང་། ཉེན་ཁར་དོ་དམ། འབྲེལ་ཡོད་ཚོང་དོན་དོ་དམ་སོགས་ནང་ཁུལ་ཚོད་འཛིན་ལམ་ལུགས་ཐད་བླང་བྱ་ཁ་གསལ་བཏོན་ཡོད། གྲངས་ཉུང་དངུལ་བུན་ཀུང་སིས་དུས་བཀག་ཡོལ་ནས་ཉིན་90དང་དེ་ཡན་གྱི་དུས་ཚོད་ཕྱིན་པའི་དངུལ་བུན་དག་ཚུལ་མིན་དངུལ་བུན་ལ་བརྩི་དགོས་པའི་གཏན་འབེབས་བྱས་ཏེ། གྲངས་ཉུང་དངུལ་བུན་ཀུང་སིས་རྒྱུ་ནོར་གྱི་སྤུས་ཚད་དོ་དམ་ལ་ཤུགས་སྣོན་དང་དུས་ཐོག་ཏུ་གྲངས་ཚང་ངང་རྩིས་འདོན་གྱི་ཉེན་ཁར་ཁ་གཏད་གཅོག་རྒྱུའི་གྲ་སྒྲིག་བྱས་ཏེ་ཉེན་ཁ་འགོག་ནུས་ཆེ་རུ་གཏོང་དགོས། མ་དངུལ་རྩིས་ཁྲའི་ལྟ་འདོམས་ཀྱི་བླང་བྱ་ཁ་གསལ་བཟོས་ནས་གྲངས་ཉུང་དངུལ་བུན་ཀུང་སིའི་བུན་གཏོང་མ་དངུལ་ལ་ཆེད་བཟོས་རྩིས་ཁུངས་དོ་དམ་བྱས་ཏེ། མ་དངུལ་ཚང་མ་ངེས་པར་དུ་དངུལ་བུན་གཏོང་བའི་ཆེད་བཟོས་རྩིས་ཁུངས་སུ་འཇུག་དགོས་པ་མ་ཟད། ཞིང་ཆེན་རིམ་པའི་ས་གནས་ཀྱི་དངུལ་རྩའི་དོ་དམ་སྒྲིག་གཞིར་དུས་བཀག་ཐོག་སྙན་སེང་ཞུ་དགོས་པའི་བླང་བྱ་བཏོན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།