དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • 《གྲངས་འཛིན་ཅན་དང་ལྗང་མདོག་ཅན་གྱི་མཐུན་སྦྱོར་ཕྱོགས་སྒྱུར་འཕེལ་རྒྱས་ཀྱི་ལག་བསྟར་ཕྱོཌ་སྟོན》ནང་ཕྱོཌ་གཉིས་མཐུན་སྦྱོར་གྱི་འཕེལ་རྒྱས་གཏོང་ཕྱོགས་ཆེན་པོ་གཉིས་ཁ་གསལ་བཏོན་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-08-27

    ཚེས་24ཉིན། གསར་འགོད་པས་ཀྲུང་དབྱང་དྲ་འཕྲིན་གཞུང་དོན་ཁང་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཀྲུང་དབྱང་དྲ་འཕྲིན་གཞུང་དོན་ཁང་སོགས་སྡེ་ཚན་10ཡི་དྲུང་ཡིག་ཅུས(གཞུང་དོན་ཐིང་དང་ཕྱོགས་བསྡུས་སི)མཉམ་འབྲེལ་ཐོག《གྲངས་འཛིན་ཅན་དང་ལྗང་མདོག་ཅན་གྱི་མཐུན་སྦྱོར་ཕྱོགས་སྒྱུར་འཕེལ་རྒྱས་ཀྱི་ལག་བསྟར་ཕྱོགས་སྟོན》བཀྲམ་པ་དང་། ལག་བསྟར་ཕྱོགས་སྟོན་ནང་གྲངས་འཛིན་ཐོན་ལས་ཀྱི་ལྗང་མདོག་ཐཱན་ཉུང་གི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་གྲངས་འཛིན་ལག་རྩལ་གྱིས་ནུས་སྤྲོད་བྱེད་པའི་ལས་རིགས་ཀྱི་ལྗང་མདོག་ཅན་གྱི་ཕྱོགས་སྒྱུར་མགྱོགས་སུ་གཏོང་བ་སོགས་ཕྱོགས་གཉིས་མཐུན་སྦྱོར་གྱི་འཕེལ་རྒྱས་གཏོང་ཕྱོགས་ཆེན་པོ་གཉིས་ཁ་གསལ་བཏོན་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ལག་བསྟར་ཕྱོགས་སྟོན་བཀྲམ་པའི་དམིགས་ཡུལ་ནི་གྲངས་འཛིན་ཅན་དང་ལྗང་མདོག་ཅན་གྱི་མཐུན་སྦྱོར་ཕྱོགས་སྒྱུར་འཕེལ་རྒྱས་མགྱོགས་པོ་གཏོང་བ་དང་། གསར་དར་ལག་རྩལ་དང་ལྗང་མདོག་ཐཱན་ཉུང་ཐོན་ལས་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་བ། གྲངས་འཛིན་རིག་ནུས་ལག་རྩལ་དང་ལྗང་མདོག་ལག་རྩལ་སྤྱད་དེ་སྲོལ་རྒྱུན་ཐོན་ལས་སྒྱུར་བཀོད་དང་མཐོ་རུ་གཏོང་བའི་ཆེད་དུ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།