དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རླངས་འཁོར་རྙིང་པ་གསར་བརྗེས་ཀྱི་ཆ་འཕྲིན་ལས་སྟེགས་སུ་ཐོ་འགོད་བྱེད་མཁན་ཁྲི་110ལས་བརྒལ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-08-27

    ཉེ་ཆར། གསར་འགོད་པས་ཚོང་དོན་པུའི་འཆར་ཅན་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར། ཚོང་དོན་པུའུ་དང་། ནོར་སྲིད་པུའུ། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་སོགས་སྡེ་ཚན་7གྱིས་ཟླ་4པའི་ཟླ་མཇུག་ཏུ《རླངས་འཁོར་རྙིང་པ་གསར་བརྗེས་ཀྱི་ཁ་གསབ་ལག་བསྟར་ཞིབ་སྲོལ》བཀྲམ་ནས་རླངས་འཁོར་བེད་མེད་དུ་བཏང་ནས་གསར་བརྗེས་ཀྱི་འཛད་སྤྱོད་པར་ཁ་གསབ་རོགས་སྐྱོར་བྱས་པ་དང་། འབྲེལ་ཡོད་སྲིད་ཇུས་ལག་བསྟར་བྱས་ནས་ཟླ་3ལྷག་ཙམ་ཕྱིན་རིང་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ་དང་། ལྷག་པར་དུ་ཉེ་བའི་ཟླ་གཉིས་རིང་ཁ་གསབ་རེ་ཞུ་བྱེད་མཁན་མགྱོགས་མྱུར་འཕར་ཡོད།

    གྲངས་གཞི་གསར་ཤོས་ལས་མངོན་པར། ཟླ་8ཚེས་23ཉིན་བར་རླངས་འཁོར་རྙིང་པ་གསར་བརྗེས་ཀྱི་ཆ་འཕྲིན་ལས་སྟེགས་སུ་ཐོ་འགོད་བྱེད་མཁན་ཁྱོན་ཁྲི་110ལས་བརྒལ་བའི་ཁྲོད་རླངས་འཁོར་བེད་མེད་དུ་བཏང་ནས་གསར་བརྗེས་ཀྱི་ཁ་གསབ་རེ་ཞུ་ཁྲི་70ལྷག་ཙམ་འབྱོར་ལ། ཉིན་གཅིག་རིང་གསར་དུ་ཐོ་འགོད་མཁན་ཁྲི་1ལས་བརྒལ་ནས་མགྱོགས་མྱུར་འཕར་བའི་རྣམ་པ་མངོན་ཡོད།

    རླངས་འཁོར་བེད་མེད་དུ་བཏང་ནས་གསར་པ་བརྗེ་བའི་སྲིད་ཇུས་ཀྱིས་བེད་མེད་རླངས་འཁོར་ཚུར་བསྡུ་བྱེད་ཚད་མགྱོགས་མྱུར་འཕར་རྒྱུར་སྐུལ་ཁྲིད་ཐུབ་ཡོད། ཟླ་དང་པོ་ནས་བདུན་པའི་བར་རྒྱལ་ཡོངས་སུ་བེད་མེད་རླངས་འཁོར་ཁྲི་350.9ཚུར་བསྡུས་པ་དུས་མཚུངས་ལས་37.4%འཕར་བ་དང་། དེའི་ནང་ཟླ་ལྔ་པ་དང་། དྲུག་པ། བདུན་པ་བཅས་སུ་དུས་མཚུངས་ལས་55.6%དང་། 72.9% 93.7%བཅས་སོ་སོར་འཕར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།