དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རང་སྐྱོང་ལྗོངས་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་དབང་པོ་སྐྱོན་ཅན་གྱི་སྔོན་འགོག་ཉིན་མོ་ཐེངས་བརྒྱད་པའི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-08-27

    2024ལོའི་ཟླ་8ཚེས་25ཉིན་ནི་རྒྱལ་ཡོངས་ཀྱི་དབང་པོ་སྐྱོན་ཅན་སྔོན་འགོག་ཉིན་མོ་ཐེངས་བརྒྱད་པ་རེད། ཚེས་25ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་། སྤྱི་བདེ་ཐིང་། འཕྲལ་སྡོམ་དོ་དམ་ཐིང་སོགས་ཚན་པ་སྒྲིག་འཛུགས་བྱས་ནས་ལྷ་ས་གྲོང་ཁྱེར་ཐེན་ཧའེ་རྒྱལ་སྤྱིའི་ཐང་ཆེན་དུ་དབང་པོ་སྐྱོན་ཅན་གྱི་སྔོན་འགོག་ཉིན་མོ་ཐེངས་བརྒྱད་པའི་ཕྱི་རོལ་གྱི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་བར་མི་500ཙམ་ཞུགས་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོའི་བྱེད་སྒོའི་བརྗོད་དོན་གཙོ་བོ་ནི“ནད་གཞིས་རྐྱེན་པས་དབང་པོ་སྐྱོན་ཅན་དུ་གྱུར་བ་སྔོན་འགོག་བྱས་ནས་བདེ་ཐང་གི་འཚོ་བར་མཉམ་དུ་རོལ”ཞེས་པ་དེ་ཡིན། དེའི་དམིགས་ཡུལ་ནི་དབང་པོ་སྐྱོན་ཅན་ལ་འདེགས་སྐྱོར་དང་རོགས་རམ་བྱེད་པའི་རྣམ་པ་ཟབ་མོ་གཏོད་དེ་བདེ་ཐང་བོད་ལྗོངས་བསྐྲུན་རྒྱུར་སྐུལ་འདེད་གཏོང་བ་དང་བོད་ཀྱི་དབང་པོ་སྐྱོན་ཅན་བྱ་གཞག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱ་ཆེད་རེད། བྱེད་སྒོ་སྤེལ་ཡུལ་དུ་ལས་དོན་པས་སྤྱི་དམངས་ལ་ཉན་ཕན་ཡོ་བྱད་སྒྲིག་སྦྱོར་དང་། ཉན་ཕན་ཡོ་བྱད་དང་། འཁར་རྒྱུག རྐུབ་སྟེགས་འཁོར་ལོ་ཅན་སོགས་རམ་འདེགས་ཡོ་བྱད་སྤྲད་ནས་དབང་སྐྱོན་སྔོན་འགོག་དང་། དྲག་སྐྱེད་ཞབས་ཞུ། ལས་ཞུགས། གསོ་བཅོལ་སོགས་འབྲེལ་ཡོད་བློ་འདྲི་མཁོ་འདོན་བྱས་པ་མ་ཟད། ད་དུང་རིགས་གཅིག་མཁས་ཅན་གདན་དྲངས་ནས་འོས་འགན་སྨན་བཅོས་ཀྱི་བྱེད་སྒོ་སྤེལ་ཏེ་མང་ཚོགས་ཀྱིས་ཤེས་བྱ་ཤེས་པ་མ་ཟད་ཞབས་ཞུ་ཡང་ཉམས་སུ་མྱོང་ཐུབ་ཡོད།

    བྱེད་སྒོ་སྤེལ་བའི་ཉིན་དེར་གྲོང་ཁྱེར་དང་ས་གནས་ཁག་གིས་ཡུལ་དེའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་སྣ་མང་ཕུན་སུམ་ཚོགས་པའི་དབང་པོ་སྐྱོན་ཅན་སྔོན་འགོག་གི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།