དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཆབ་མདོ་གྲོང་ཁྱེར་གྱི་ཁྲོམ་ཆེན་གཞུང་།

    ཁྲོམ་གཞུང་རྙིང་པའི་འཕོ་འགྱུར་གླེང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-08-27

    ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་རིག་གནས་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་ཀྱིས་འཕེལ་རྒྱས་གཏོང་བའི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བའི་སྐོར་ལ་བཀོད་སྒྲིག་གལ་ཆེན་བྱས་ཡོད།

    ཆབ་མདོ་གྲོང་ཁྱེར་གྱི་གྲོང་ཁུལ་རྙིང་པར་འཆམ་འཆམ་དུ་སྐྱོད་སྐབས། རིག་གནས་ཀྱི་རྣམ་པ་ཟབ་མོ་ལྡན་ཞིང་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་བྱས་པའི་ཁྲོམ་གཞུང་རྙིང་པ་འདི་འདྲ་ཞིག་ཡོད་དེ། གནའ་ཉམས་དོད་པའི་རྡོ་གཅལ་ལམ་དང་མང་ཚོགས་ཀྱི་བོད་བཟོའི་སྡོད་ཁང་གྲལ་སྟར་འགྲིག་པོས་གནས་པ་དག་ལས་ཧ་ལམ་མི་རྣམས་ལ་ལོ་རྒྱུས་ཀྱི་གཟི་བརྗིད་ཤོད་པ་དང་གཉིས་སུ་མ་མཆིས་ཤིང་། དེ་ནི་ཆབ་མདོ་གྲོང་ཁྱེར་གྱི་མི་ཚང་མས་ཤེས་པའི་ཁྲོམ་ཆེན་གཞུང་རེད།

    1998ལོར་ཁྲོམ་ཆེན་གཞུང་སྐྲུན་འགོ་ཚུགས་པ་དང་དུས་ཡུན་ལོ་གཉིས་ལས་མ་འགོར་བར་དངོས་སུ་སྐྲུན་མཇུག་འགྲིལ་ཡོད།

    ཁྲོམ་ཆེན་གཞུང་ནི་ཆབ་མདོ་གྲོང་ཁུལ་གྱི་ལྟེ་བར་གནས་ཤིང་། ས་བཟུང་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་2.95ཟིན་པ་དང་། འཛུགས་སྐྲུན་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་4.31ཟིན་པ། སྤྱིའི་རིང་ཚད་ལ་སྨི་200ཡོད་ཅིང་།  དེ་ནི་རྒྱ་བོད་འཛུགས་སྐྲུན་གྱི་བཟོ་དབྱིབས་གཞི་གཅིག་ཏུ་འདུས་པ་དང་གནའ་དེང་འཛུགས་སྐྲུན་གྱི་ཉམས་འགྱུར་གཅིག་ཏུ་འདུས་པའི་ཁྱད་ལྡན་སྐྲུན་དངོས་ཤིག་རེད། དེ་གར་སྡོད་ཁང་དང་། ཚོང་ལས། ཡུལ་སྐོར་བཅས་བྱེད་ནུས་ཆེན་པོ་གསུམ་གཞི་གཅིག་ཏུ་འདུས་པ་དང་རྒྱ་རིགས་དང་། བོད་རིགས། ཧུད་རིགས་སོགས་མི་རིགས་ཀྱི་མང་ཚོགས་མཉམ་དུ་འཚོ་བ་སྐྱེལ་བཞིན་ཡོད། ཁྲོམ་གཞུང་དེའི་འཛུགས་སྐྲུན་ལོ་རྒྱུས་ནི་ཆབ་མདོས་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་ཤུགས་ཆེན་བཏང་བའི་བསྡུས་རིས་ཤིག་རེད། 2002ལོར་ཁྲོམ་ཆེན་གཞུང་དེར“ཀྲུང་གོའི་སྡོད་མལ་ཁོར་ཡུག་དཔེ་མཚོན་བྱ་དགའ”ཐོབ་ཡོད།

    ཁྲོམ་ཆེན་གཞུང་སྡེ་ཁུལ་ཏང་ཀྲི་པུའུ་ཡི་ཧྲུའུ་ཅི་བྱམས་པ་ལྷ་མོ་དེ་གར་ལས་ཀ་དང་འཚོ་བ་བསྐྱལ་ནས་ལོ་26ཕྱིན་ཡོད། ཁོང་གིས་ཁྲོམ་གཞུང་དེའི་སྔོན་མའི་གནས་ཚུལ་དང་ད་ཆའི་དར་རྒྱས་འཕོ་འགྱུར་ལ་དཔང་པོ་བྱས་ཡོད།

    འདི་ལོའི་ཟླ་2པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐེན་ཅིན་གནའ་བོའི་རིག་གནས་ཁྲོམ་གཞུང་དུ་རྟོག་ཞིབ་གནང་སྐབས། ལོ་རྒྱུས་རིག་གནས་ཁྲོམ་གཞུང་སྲུང་སྐྱོང་དང་བེད་སྤྱོད་ཡག་པོ་བྱས་ནས་དེང་རབས་ཅན་གྱི་གྲོང་ཁྱེར་ཆེན་པོའི་འཛུགས་སྐྲུན་ཁྲོད་དེའི་ངོ་མཚར་གྱི་ཉམས་འགྱུར་རྣམ་པ་མངོན་པར་བྱེད་དགོས་ཞེས་གསུངས་ཡོད།

    ཁྲོམ་གཞུང་རྙིང་པའི་ཡིད་དབང་རྣམ་པ་གནས་ཐུབ་ཆེད། 2018ལོར་ཁ་རུབ་ཆུས་ཀྱིས་མ་དངུལ་སྒོར་ཁྲི་111.87བཏང་ནས་ཁྲོམ་ཆེན་གཞུང་སླར་ཡང་རིམ་སྤོར་སྒྱུར་བཀོད་བྱེད་འགོ་ཚུགས་པ་རེད། དུས་ཡུན་ལོ་གཉིས་སོང་རྗེས་ཁྲོམ་ཆེན་གཞུང་གི་རྣམ་པ་སླར་ཡང་གསར་རྐྱང་དུ་གྱུར་ཡོད། ཁ་དོག་དམར་པོ་ནི་ཁྲོམ་ཆེན་གཞུང་སྒྱུར་བཀོད་བྱས་རྗེས་ཀྱི་ཁ་དོག་གཙོ་བོ་ཞིག་ཡིན་པ་དང་། གནའ་ཉམས་དོད་པའི་རྡོ་གཅལ་ཐད་ཀར་ཇ་རྟའི་ཐང་ཆེན་བར་བཏིངས་བ་དང་ཁྲོམ་གཞུང་གི་གཞོགས་གཉིས་སུ་བོད་བཟོའི་ཁྱད་ཆོས་ལྡན་པའི་ཚོང་ཁང་དང་མང་ཚོགས་ཀྱི་སྡོད་ཁང་ཡོད། མཚན་མོར་གློག་འོད་ཆེམ་ཆེམ་ཁྲོད་དེ་བས་མཛེས་སྡུག་ལྡན་པར་གྱུར།

    ཀྲང་ཤན་ཡིའུ་ནི་ཁྲོམ་ཆེན་གཞུང་གི་ཚོང་པ་ཞིག་རེད་ལ་ཁྲོམ་ཆེན་གཞུང་སྡེ་ཁུལ་གྱི་སྐོར་སྐྱོད་ཏང་ཡོན་ཞིག་ཀྱང་རེད། ཁོང་གིས་མཛེས་བཟོའི་བྱུག་རྫས་ཚོང་ཁང་ཞིག་བཙུགས་པ་དང་ད་བར་ལོ་9སོང་ཡོད། ཁོང་གིས“ང་རང་ཆབ་མདོར་སླེབས་ནས་ལོ་བཅུ་ལྷག་ཙམ་ཕྱིན་སོང་། ཚོང་གཉེར་ཁོར་ཡུག་ཁོ་ནའི་ཐད་ནས་བརྗོད་ན་ཇེ་ཡག་ཏུ་འགྲོ་བཞིན་ཡོད་པ་མ་ཟད་བདེ་འཇགས་ཀྱང་ཧ་ཅང་ཡག་པོ་འདུག”ཅེས་བཤད།

    གྲོང་ཁྱེར་གྱི་ཡིད་དགའི་རྣམ་པས་མི་རྣམས་ལ་བག་ཆགས་ཟབ་མོ་བཞག་ཅིང་། ཁྲོམ་ཆེན་གཞུང་གི་འཕོ་འགྱུར་ལོ་རྒྱུས་ཀྱིས་རྒྱ་ཆེའི་གྲོང་མི་དང་ཡུལ་སྐོར་བར་སྣ་མང་ཕུན་སུམ་ཚོགས་པའི་ཆབ་མདོའི་གཏམ་རྒྱུད་བརྗོད་པ་མ་ཟད། ཆབ་མདོའི་མང་ཚོགས་ཀྱི་དུས་ཡུན་རིང་པོའི་བསམ་པའི་མྱོང་བའང་བརྗོད་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།