དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཉིང་ཁྲིར་ས་མཐོའི་སྙིང་དང་ཁྲག་རྩའི་ནད་ཀྱི་ཞིབ་འཇུག་ཁང་བཙུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-08-27

    ཉེ་ཆར། ཉིང་ཁྲིར་ས་མཐོའི་སྙིང་དང་ཁྲག་རྩའི་ནད་ཞིབ་འཇུག་སུའོ་དང་ཀོང་ཏུང་ཞིང་ཆེན་གྱི་སྙིང་དང་ཁྲག་རྩའི་ནད་ཞིབ་འཇུག་སུའོ་ཡི་ས་མཐོའི་སྙིང་དང་ཁྲག་རྩའི་ནད་ཀྱི་ཡན་ལག་ལྟེ་གནས་དངོས་སུ་བཙུགས་ནས་ཀོང་ཏུང་ཞིང་ཆེན་མི་དམངས་སྨན་ཁང(ཀོང་ཏུང་ཞིང་ཆེན་གསོ་རིག་ཚན་རིག་ཁང)གི་རིག་ཚན་དང་། ཤེས་ལྡན་པ། ཚོགས་པ་བཅས་འཛུགས་སྐྱོང་བྱེད་སྟངས་གཞིར་བཟུང་ཁྲག་ཤེད་མཐོ་བ་དང་། གློ་བའི་འཕར་རྩའི་གནོན་ཤུགས་ཆེ་བ། སྙིང་རྩ་འགག་པ། སྙིང་ཤུགས་ཉམས་པ། ལྷན་སྐྱེས་སྙིང་ནད། ཕྱི་འཁོར་ཁྲག་རྩའི་ནད་རིགས་འགོག་བཅོས་བཅས་གཙོ་གནད་དུ་བཟུང་སྟེ་ས་མཐོའི་ཁུལ་གྱི་སྙིང་དང་ཁྲག་རྩའི་ནད་ཀྱི་སྨན་བཅོས་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུར་སྐུལ་འདེད་གཏོང་བ་དང་ས་མཐོའི་ནད་རིགས་སྔོན་འགོག་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། སྨན་བཅོས་རོགས་སྐྱོར་བྱེད་རིང་ཀོང་ཏུང་ཞིང་ཆེན་གྱིས་མ་དངུལ་སྒོར་དུང་ཕྱུར་5.35རྒྱུན་མཐུད་བཏང་ནས་སྨན་བཅོས་རྣམ་གྲངས་ཁག་48རོགས་སྐྲུན་བྱས་པ་དང“ཚོགས་སྒྲིག་རྣམ་པའི”སྨན་བཅོས་བོད་སྐྱོར་གསར་གཏོད་ངང་སྤེལ་ཏེ་སྔ་རྗེས་སུ་སྨན་དོན་མི་སྣ་དང་འཕྲོད་བསྟེན་དོ་དམ་མི་སྣ་1300ལྷག་ཙམ་འདེམས་གཏོང་བྱས་ནས་ཆ་སྒྲིག་རོགས་སྐྱོར་བྱས་པ་བརྒྱུད་ས་གནས་དེ་གར་ནམ་ཡང་གནས་ཐུབ་པའི་སྨན་བཅོས་ཤེས་ལྡན་པའི་དཔུང་ཁག་ཁག་གཅིག་གསོ་སྐྱོང་བྱས་པ་རེད།

    ཉིང་ཁྲིར་བྲང་གཟེར་ལྟེ་གནས་དང་། གྲིབ་སྐྱོན་སྨན་བཅོས་ལྟེ་གནས། རྨས་སྐྱོན་སྐྱོབ་བཅོས་ལྟེ་གནས། ཉེན་ཆེའི་བྱིས་པ་དང་ཕྲུ་གུ་དམར་འབྱར་སྐྱོབ་བཅོས་ལྟེ་གནས། ཉེན་ཆེའི་སྦྲུམ་མ་སྐྱོབ་བཅོས་ལྟེ་གནས་བཅས་ལྟེ་གནས་ཆེ་གྲས་ལྔ་དངོས་སུ་བཙུགས་ཏེ་རིམ་རྩིས་བརྒྱབ་ན་རང་སྐྱོང་ལྗོངས་རིམ་པ་དང་དེ་ཡན་གྱི་ཚན་ཞིབ་ཞིབ་འཇུག་བྱ་གཞི་གཙོ་གནད་ཁག་50བཙུགས་པ་དང་། ལག་རྩལ་གསར་པའི་རྣམ་གྲངས་ཁག་310སྤེལ་བ། ལྗོངས་ནང་ཁུལ་གྱི་ལག་རྩལ་གྱི་སྟོང་ཆ་ཁག་26གསབ་པ་བཅས་བྱས་ཏེ། ཉིང་ཁྲིའི་དམངས་འཚོའི་བྱ་གཞག་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། བོད་སྐྱོར་སྟོབས་ཤུགས་ལ་བརྟེན་ནས་མིག་སྔར་རང་ལྗོངས་ཀྱིས་རིམ་ཁག“ལྟེ་གནས་ལྔ”(བྲང་གཟེར་ལྟེ་གནས་དང་། གྲིབ་སྐྱོན་སྨན་བཅོས་ལྟེ་གནས། རྨས་སྐྱོན་སྐྱོབ་བཅོས་ལྟེ་གནས། ཉེན་ཆེའི་བྱིས་པ་དང་ཕྲུ་གུ་དམར་འབྱར་སྐྱོབ་བཅོས་ལྟེ་གནས། ཉེན་ཆེའི་སྦྲུམ་མ་སྐྱོབ་བཅོས་ལྟེ་གནས)རྒྱལ་ཁབ་རིམ་པ་17དང་། རང་སྐྱོང་ལྗོངས་རིམ་པ་8 ས་ཁུལ་དང་གྲོང་ཁྱེར་རིམ་པ་9བཅས་བསྐྲུན་པས་གཙོ་གནད་ཆེད་ལས་ཚན་ཁག་གི་ནུས་པ་རྒྱུན་མཐུད་ཆེ་རུ་འགྲོ་བཞིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།